e-texts navigator
Collection
Volume
Page
Wylie

186a1 ལྷའི་དབང་པོ་བརྒྱ་བྱིན་གྱིས། དུས་གཞན་ཞིག་ན། དེས་པ་ལ་དབྱིག་དང་། གསེར་མང་པོ་བསྟན་ནས། འདི་སྐད་ཅེས་སྨྲས་སོ།། ངེས་པ་འོ་ནི་ལས་ཁྱེར་ལ་སྦྱིན་པ་དག་བྱིན་ཅིག།
186a2 བསོད་ནམས་དག་གྱིས་ཤིག། གོས་དང་རྒྱན་དག་ཀྱང་ཐོགས་ཤིག། ཁྱོད་ངན་ཅིང་དབུལ་བས་ཅི་ཞིག་བྱ།། ངེས་པས་སྨྲས་པ། གྲོགས་པོ་དག་སྔོན་སེམས་ཅན་རྣམས་ལ་ལུས་ཀྱིས་ཉེས་པར་སྤྱད་པ་དང་།
186a3 ངག་དང་ཡིད་ཀྱིས་ཉེས་པར་སྤྱད་པས་འདིར་དབུལ་པོ་ཞེས་བྱ་བར་གྱུར་ཏོ།། དེ་བས་ན་ཁོ་བོ་ནི་མ་བྱིན་པར་ལེན་པར་བྱེད་པར་མི་འདོད་དོ།། བརྒྱ་བྱིན་གྱིས་སྨྲས་པ།། ངེས་པ་ཁྱོད་ད་ལྟར་ཇི་བདེ་བར་འཚོ་བར
186a4 གྱིས་ཤིག། འཇིག་རྟེན་ཕ་རོལ་བསམ་པས་ཁྱོད་ལ་ཅི་ཞིག་བྱ། ངེས་པས་སྨྲས་པ། གྲོགས་པོ་གང་ཚེ་འདི་ཆེད་ཆེར་འཛིན་པ་འདི་ནི་བྱིས་པའི་ཆོས་ཡིན་གྱི། མཁས་པ་རྣམས་ནི་ཚེ་ཕྱི་མཆེད་ཆེར་འཛིན་ཏོ།།
186a5 འདོད་པས་ཟིལ་གྱིས་ནོན་པ་དང་། ཞེ་སྡང་གིས་ཟིལ་གྱིས་ནོན་པ་དང་། གཏི་མུག་གིས་ཟིལ་གྱིས་ནོན་པ་དང་། འདོད་ཆགས་ཀྱི་ཟིལ་གྱིས་ནོན་པ་དག་ནི་མ་བྱིན་པར་ལེན་པར་བྱེད་ཀྱི། མཁས་པ་དག་ནི་བརྐམ
186a6 པ་མ་ཡིན་ནོ། ། སྩོགས་འཇོག་ཆད་ཆེར་འཛིན་པ་དག་ནི་མ་བྱིན་པར་ལེན་པར་བྱེད་ཀྱི།། མཁས་པ་དག་ནི་སྤོགས་འཇོག་མི་བྱེད་དོ།། བདག་གིར་འཛིན་པ་དང་། བཅས་ཤིང་ཡོངས་སུ་འཛིན་པ་དང་།
186a7 བཅས་པ་དག་ནི་མ་བྱིན་པར་ལེན་པར་བྱེད་ཀྱི། མཁས་པ་དག་ནི་བདག་ཏུ་མི་འཛིན་ཅིང་། ཡོངས་སུ་འཛིན་པར་མི་བྱེད་དོ།། ལུས་དང་སྲོག་ལ་ལྟ་བ་དག་ནི་མ་བྱིན་པར་ལེན་པར་བྱེད་ཀྱི་མཁས་པ་དག་ནི་ལུས
186a8 དང་སྲོག་ལ་མི་ལྟའོ། ། དོམས་མི་ཤེས་ཤིང་ཆོག་མི་ཤེས་པ་དག་ནི། མ་བྱིན་པར་ལེན་པ་བྱེད་ཀྱི། མཁས་པ་དག་ནི་ངོམས་ཤིང་ཆོག་ཤེས་པ་ཡིན་ནོ།། འཚོ་བ་ཡོངས་སུ་མ་དག་པ་ནི་མ་བྱིན་པར་ལེན་པ་བྱེད




iiif viewer powered by OpenSeadragon

185b - 186b

Texts on this page

Q760,27 - 'phags pa nges pas zhus pa zhes bya ba theg pa chen po'i mdo