| | e-texts navigator
|
184b1 སེམས་དཔའ་ཆེན་པོ་ལག་བཟངས་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ཉན་ཐོས་ཆེན་པོ་དེ་དག་དག་དང་། ལྷ་དང་མི་དང་ལྷ་མ་ཡིན་དང་། དྲི་ཟད་བཅས་པའི་འཇིག་རྟེན་ཡིད་ངངས་ཏེ།
184b2 བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་ལག་བཟངས་ཀྱིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སྷོ།། ། ཡོག་གས།
184b3 རྒྱ་གར་གྱི་མ་ཁན་པོ་དྷན་ཤི་ལ་དང་། འཛིན་མི་རྗེ་དང་། བུ་ཆེན་གྱི་མ་ཚབ་བན་དེ་ཡེ་ཤེས་སྡེས་སྩོགས་པས་བསྒྱུར་ཅིང་ཞུས་ཏེ། གདདགས་ཆད་ཀྱིས་ཀྱང་བཅོས་ན་སྙན་ལ་ཕབ་པ་ལེགས་སོ།། ལན་གཉིས་ཐུས།
184b4 རྒྱ་གར་སྐད་དུ། ཨཱརྱ་སཱུར་ཏ་པ་རི་བྲིང་ཚ་ནཱ་མ་མ་ཧཱ་ཡཱན་སུ་ཏྲ།། བོད་སྐད་དུ། འཕགས་པ་ངེས་པས་ནུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། ཡཅོག་ཅག་པ།། སངས་རྒྱས་དངང་ཆུ་ལམས
184b5 དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དག
184b6 སྤོང་སྟོང་གཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སུ་མ་ཁྲི་ཉས་སྟོང་དག་དང་། ཐབས་གཅིག་ཏུ་བཞུགས་ཏེ། འཁོར་བཞི་དང་། རྒྱལ་པོ་དང་བློན་པོ་དང་ཟོང་རྡལ་གྱི
184b7 མི་དང་། ལྗོངས་ཀྱི་མི་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་སོ།། དེའི་ཚེ་མཉན་ཡོད་ཀྱི་གྲོང་བྱེད་ན། གྲོང་ཁྱེར་ཀྱི་མེད་བུལ་པོ་ངེས་པ་ཞེས་བྱ་བ། སངས་རྒྱས་ལ་དང
184b8 པ་མི་ཕྱེད་པ་དང་ལྡན་པ། ཆོས་ལ་དད་པ་མི་ཕྱེད་པ་དང་ལྡན་པ། དགེ་འདུན་ལ་དད་པ་མི་བྱེད་པ་དང་ལྡན་པ། བསླབ་པའི་གཞི་ལྔ་ཡོངས་སུ་བཟུང་བ། དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པ། བྱམ་པ
iiif viewer powered by OpenSeadragon
184a - 185a