e-texts navigator
Collection
Volume
Page
Wylie

184a1 དུས་དུས་སུ་འམ། ཆུང་ཟད་ཆུང་ཟད་དུ་ཡང་ཤེས་རབ་དང་། ཡེ་ཤེས་ལ་སློབ་པ་དང་། མངོན་པར་འཕེལ་བར་བྱ་བ་དང་། ཡོངས་སུ་རྫོགས་པར་བྱ་བར་སྩོལ་ལོ། འབད་དོ།། སིད་པ།
184a2 གཞན་དུ་གྱུར་པ་ན་ཡང་ཞུམ་པར་མི་འགྱུར་ཞིང་། སྒྱིད་ལུག་པར་མི་འགྱུར་རོ།། ལག་བཟངས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་དུ་སེམས་བསྐྱེད་པ་དང་། བྱང་ཆུབ་ཀྱི་སེམས་རྗེས་སུ་དྲན་པ་དང་།
184a3 བྱང་ཆུབ་ཀྱི་སེམས་བསྒོམ་པ་དང་། བྱང་ཆུབ་ངུ་སྨོན་པ་དང་། བྱང་ཆུབ་དུ་སྨོན་ལམ་འདེབས་པ་གང་ཡིན་པ་དེ་ཉིད་དེ་དག་གི་ཤེས་རབ་དགེ་བ་དང་། ཡེ་ཤེས་དགེ་བ་གྲངས་མེད་ཅིང་། དཔག་ཏུ་མེད་པ་ཡིན་ནོ།། དེ་ཅིལ
184a4 ཕྱིར་ཞེ་ན། འདི་ལྟ་སྟེ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ལ་ཟག་པ་མེད་པའི་ཤེས་རབ་བསྐྱེད་པར་འདོད་པ་དང་། མི་སློབ་པའི་ཤེས་རབ་བསྐྱེད་པར་འདོད་པ་དང་། ཟག་པ་མེད
184a5 པའི་ཤེས་རབ་ཡང་དག་པར་བསྐྱེད་པར་འདོད་པ་དང་། མི་སློབ་པའི་ཤེས་རབ་ཡང་དག་པར་བསྐྱེད་པར་འདོད་པ་དེ་ནི་ཤེས་རབ་དགེ་བ་དང་། ཡེ་ཤེས་དགེ་བ་ཐམས་ཅད་ཀྱི་མཆོག་ཡིན་ནོ།། དེ་ནི་དམ་པ་ཡིན་ནོ།།
184a6 ལག་བཟངས་དེ་ལྟར་ན་བྱང་ཆུབ་སེམས་དཔའ་བདེ་བ་དང་ལྡན་ལ་ཡིད་བདེ་བ་དང་ལྡན་ཞིང་ཚེགས་ཆུང་ངུ་དང་། སྡུག་བསྔལ་ཆུང་དུས་མྱུར་དུ་རྐྱེན་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ།།
184a7 བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངས་སུ་རྫོགས་པ་ནི་མྱུར་དུ་བྲན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དུ་མངོན་པར་རྫོགས་པར་འཚང་རྒྱའོ།། ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན།
184a8 ལྷ་དང་མིའི་སྐྱེ་དགུ་སེམས་ཅན་གྲངས་མེད་དཔག་ཏུ་མེད་པ་དག་ཐེག་པ་གསུམ་དང་། མཐོ་རིས་སུ་སྐྱེ་བའི་དོན་བྱས་པར་གྱུར་ཏོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དང།




iiif viewer powered by OpenSeadragon

183b - 184b

Texts on this page

Q760,26 - 'phags pa lag bzangs kyis zhus pa zhes bya ba theg pa chen po'i mdo