| | e-texts navigator
|
183b1 མཆོག་གསུམ་གྱིར་གོ་ཆ་སྲབ་བགོ། ཕ་རོལ་ཕྱིན་པ་ཡོངས་སུ་རྫོགས་བྱེད་ཅིང་།། སངས་རྒྱས་ཆོས་རྣམས་ཡོངས་སུ་རྫོགས་བྱེད་ཤོག། སྡིག་པ་ཀུན་དང་བྲལ་ཞིང་ལུས་ངག་དང་།། ཡིད་ཀྱི་ལས
183b2 མཐའ་དགེ་བ་མཆོག་གྱུར་ཅིག། བྱང་ཆུབ་ལས་ན་མི་ལྡོག་བདག་འགྱུར་ཤིང་།། བྱང་ཆུབ་དགའ་དང་བྱང་ཆུབ་སེམས་དཔར་གྱུར།། སྲིད་དང་སྲིད་པར་བྱང་ཆུབ་སེམས་དཔའ་དང་།། སངས་རྒྱས་རྣམས
183b3 དགེ་བ་ཀུན་ལ་སློབ། ། བདག་གིས་ཆོས་རྣམས་དེ་དག་ཀུན་ལ་ཡང་།། འཇིག་རྟེན་ཐམས་ཅད་རབ་ཏུ་དགོད་པར་བགྱི།། དེ་དེ་ལྟར་བདག་དང་གཞན་དག་གི་དགེ་བའི་རྩ་བ་བསགས་པར་རབ་ཏུ་ཤེས་སོ།།
183b4 དེ་ཤེས་རབ་དེ་དང་། ཡེཤེས་དེ་མངོན་གསུམ་དུ་བྱ་བར་འདོད་པ་དང་། ཡིད་ལ་བྱ་བར་འདོད་པ་ན་ཡང་། སེམས་ཅན་ཐམས་ཅད་བསྒྲལ་བ་དང་། སེམས་ཅན་ཐམས་ཅད་དཀྲོལ་བ་དང་། སེམས་ཅན་ཐམས་ཅད
183b5 དབུགས་དབྱུང་བ་དང་། ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བཱི་ཕྱིར། ཡོངས་སུ་སྔོ་བར་བྱེད་དོ།། མངོན་གསུམ་དུ་བྱེད་པ་དང་། ཡིད
183b6 ལ་བྱེད་པ་དང་། མངོན་གསུམ་དུ་བྱས་པ་དང་། ཡིད་ལ་བྱས་ནས་ཀྱང་། སེམས་ཅན་ཐམས་ཅད་བསྒྲལ་བ་དང་། སེམས་ཅན་ཐམས་ཅད་དགྲོལ་བ་དང་། སེམས་ཅན་ཐམས་ཅད་དབུགས་དབྱུང་བ་དང
183b7 ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་སྔོ་བར་བྱེད་དོ།། གལ་ཏེ་ཤེས་རབ་དེ་དང་། ཡེ་ཤེས་དེ་ལ་སློབ་པའི་ནུས
183b8 བད། མི་ལྡན་པ་ལ་གྱུར་པ། དེ་འདི་ལྟར་ཡང་དག་པར་སློབ་སྟེ། དུས་དུས་སུ་འམ། ཆུང་ཟད་ཆུང་ཟད་དུ་ཡང་འཚལ་བའི་ཤེས་རབ་དང་། མི་ཤེས་པ་སྤང་བ་དང་། དོར་བར་དང་སྩལ་བར་སྩོ་ལོ།། འབད་དོ།། །
iiif viewer powered by OpenSeadragon
183a - 184a