| | e-texts navigator
|
183a1 སེམས་ཅན་དག་ན་ཐམས་ཅད་བདེ་བ་དང་།། འཇིག་པ་མེད་ཅིང་ངན་འགྲོ་འདས་པ་དང་།། མི་དག་ཐམས་ཅད་དང་ནི་བྲལ་བ་དང་།། དགེ་བའི་རྩ་བ་ཐམས་ཅད་རྫོགས་གྱུར་ཅི།
183a2 ཟག་པ་གསུམ་པོ་དགལ་ཅི་རིགས་དང་།། དེ་དག་ལ་ནི་སྨོན་ལམ་མཐར་ཕྱིན་ཅིང་།། ཚེ་རིང་བ་དང་རྣམ་པར་གྲོལ་བ་དང་།། ཁྱད་པར་ཅན་གྱི་དོན་ཀུན་རྫོགས་པར་ཤོག། རྫོགས་པའི་བྱང་ཆུབ
183a3 སྨོན་ལམ་འདེབས་པ་ནི། ། མཐའ་ཡས་དཔག་ཏུ་མེད་པར་རབ་ཏུ་འདེབས།། སེམས་ཅན་ཐམས་ཅད་དག་གི་སྡུག་བསྔལ་དང་།། ཉོན་མོངས་དག་ན་ཉེ་བར་ཞི་གྱུར་ཅིག། ཆོས་དང་ལྡན་པའི་བྱ་བ
183a4 རྣམས་ཀྱི་ཕྱིར། ། འཇིག་རྟེན་པང་གི་ཁམས་རྣམས་ཐམས་ཅད་ཀྱི།། རྒྱལ་བ་ཀུན་དང་བྱང་ཆུབ་སེམས་དཔའ་ལ།། རང་གི་ལུས་ནི་ངེས་པར་དབུལ་བར་བགྱི།། རྫོགས་པའི་བྱང་ཆུབ་ཐོབ་པར
183a5 འགྱུར་བར་དུ། ། མ་འོངས་པ་ན་སྨོན་ལམ་མཐའ་ཡས་གདབ།། སྐྱེ་དང་སྐྱེ་བར་དཀོན་མཆོག་གསུམ་པོ་ལ།། བདག་ནི་ཡོངས་སུ་སྤྱད་པ་བགྱིད་པར་ཤོག། འཇིག་རྟེན་དག་གི་ཁམས་རྣམས
183a6 ཐམས་ཅད་ཀྱི། ། དཀོན་མཆོག་གསུམ་དང་བྱང་ཆུབ་སེམས་དཔའ་ལ།། ནམ་མཁའ་མཉམ་བཱི་ཀྟའི་སྤོས་མཆོག་དང་།། འཕྲེང་བ་མེ་ཏོག་ཆུན་པོས་མཆོད་བྱེད་ཤོག། ལྷུན་པོ་མཉམ་པའི་གསེར
183a7 ངང་དངུལ་དག་དང་། ། གོས་དང་རིན་པོ་ཆེའི་ཕུང་པོ་དང་།། གཞལ་མེད་ཁང་བཅས་ཞོན་དང་མལར་དང་།། བཟའ་བ་མཐའ་ཡས་དག་ནི་སྦྱིན་པར་ཤོག། འགྲོ་བའི་བསམ་པ་ལམ་གྱིས་རྫོགས
183a8 བྱེད་ཅིང་། ། སྐྱབས་དང་ལུས་དང་ཕ་འདྲར་གྱུར་པར་ཤོག། བཟོད་ལ་དགའ་ཞིང་ཚུལ་ཁྲིམས་གཙང་བ་དང་།། འགྲོ་ལ་ཆོས་ནི་རབ་ཏུ་སྟོན་གྱུར་ཅིག། བྱང་ཆུབ་ཐེག་པ་མཆོག་ནི་རྙེད་པ་དང་།། དཀོན
iiif viewer powered by OpenSeadragon
182b - 183b