| | e-texts navigator
|
182b1 པ་མ་ལུས་རྣམས་སུ་བཞུགས་པར་ཡང་།། འཇིག་རྟེན་ཁམས་རྣམས་ཀུན་གྱི་བདེ་གཤེགས་ལ།། མགོ་བོས་གསོལ་པ་མཐའ་ཡས་རབ་ཏུ་འདེབས།། སྔོན་དང་འད་དང་སྐད་ཅག་ཅམ་ཡང་དྲང།།
182b2 བདག་གིས་སྡིག་པ་གང་དང་གར་གྱིས་པ། སྡིག་པ་དེ་ག་ཐམས་ཅད་བླ་པར་གྱི། སྡིག་པ་ཐམས་ཅད་དག་གིས་སྤང་བར་ཅི། གད་ཅིག་ཙམ་ཡང་བདག་གིས་དགེ་བ་འདི།། མ་ལུས་པར་ནི་ཡང་དག་གཟུང་བར་བགྱི།། ཚེ་ཡིས་ཅི་ཙམ
182b3 ཐུབ་ཀྱི་བར་དུ་ནི། ། དགེ་བ་ཀུན་ལ་གནས་པར་འགྱུར་བར་འཚལ།། སངས་རྒྱས་དག་དང་བྱང་ཆུབ་སེམས་དཔའ་རྣམས།། བྱང་ཆུབ་ཆོས་ཀྱི་འཁོར་ལོ་རབ་བསྐོར་བ།། འཇིག་རྟེན་འདིར་ནི་བྱུང་དང
182b4 བྱུང་གྱུར་དང་། ། འབྱུང་འགྱུར་རྣམས་ཀྱང་དགེ་བ་ཐམས་ཅད་དང་།། རྒྱལ་བ་རྣམས་དང་འཕགས་པ་ཐམས་ཅད་ཀྱི།། ཚུལ་ཁྲིམས་དང་ནི་ཡེ་ཤེས་ཏེང་འཛིན་དང་།། རྣམ་གྲོལ་ཚེ་དང་ཆོས་རྣམས་གང་ཡིན
182b5 པ། དེ་དག་འཇིག་རྟེན་རྣམས་ལ་ཕན་གྱུར་ཅིག། འགྲོ་བ་ལྔའི་སེམས་ཅན་ཐམས་ཅད་དག། བྱུང་དང་བྱུང་བུར་འབྱུང་བར་འཐར་རྣམས་ཀྱིས།། དགེ་བ་དག་ལ་བདག་ནི་ཕྱི་ཕྱིར་ཞིང་།། མགོ་བོས
182b6 མཐའ་ཡས་རྗེས་སུ་ཡི་རང་ངོ་། ། ཡོན་ཏན་ཡང་དག་དགེ་བ་མཐའ་ཡས་པ།། དེ་དག་ཐམས་ཅད་འགྲོ་བ་མ་ལུས་པས།། སེམས་ཅན་རེ་རེ་དང་ན་བདག་ཉིད་ལའང་།། ཡོད་པར་བདག་ནི་སྨོན་ལམ་མཐའ
182b7 ཡས་འདེབས། ། བདག་གི་དགེ་བ་དག་ནི་འདས་པ་དང་།། མ་འོངས་པ་དང་ད་ལྟར་ཐམས་ཅད་ཀྱིས།། འཇིག་རྟེན་དག་གི་ཁམས་ནི་ཐམས་ཅད་དུ།། དཀོན་མཆོག་གསུམ་པོ་རྟག་ཏུ་འབྱུང་བར་ཤོག།
182b8 དཀོན་མཆོག་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས།། སྐལ་པར་བཞུགས་པས་ཕོངས་པར་མ་གྱུར་ཅིག། བར་དུ་གཅོད་པ་མེད་པར་བྱང་ཆུབ་དང་།། ཕ་རོལ་ཕྱིན་པ་རྣམས་ནི་རྡོག་པར་ཤོག།
iiif viewer powered by OpenSeadragon
182a - 183a