| | e-texts navigator
|
182a1 བྱུང་བ་དང་། མ་འོངས་པ་རྣམས་ཀྱི་བྱང་ཆུབ་སེམས་དཔའ་ཐེག་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་སྔོ་བར་བྱེད་དེ། དེ་བཞིན་གཤེགས་པ་འཇིག་རྟེན་གྱི་ཁམས་ཐམས་ཅད
182a2 ཆུ་གཏོགས་པ། འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བ་རྣམས་བསྐལ་པར་བཞུགས་པ་དང་། བསྐུལ་པར་ཆོས་བསྟོན་པ་དང་། བསྐལ་པར་དག་འདུན་པ་རྫ་བུ་ལ་ས་པྲ་པར་བྱེད་དོ།།
182a3 ཀྱིལམ་ལ་དགོད་པའམ། ཉན་ཐོས་ཀྱི་ལམ་ལ་དགོད་པ་འམ། རང་སངས་རྒྱས་ཀྱི་ལམ་ལ་དགོད་པ་འམ། རྫོགས་པའི་བྱང་ཆུབ་ཀྱི་ལམ་ལ་དགོད་པའམ། སྦྱིན་པས་རྗེས་སུ་འཇུག་པའམ། སྙན་པར་སྨྲ་བས
182a4 རྗེས་སུ་འཇུག་པ་འམ། དོན་སྤྱོད་པས་རྗེས་སུ་འཇུག་པ་འམ། དོན་འཐུན་པས་རྗེས་སུ་འཇུག་པ་འམ། ཇི་ལྟ་ཇི་ལྟར་གཞན་དག་དགེ་བའི་ཕྱོགས་ཡང་དག་པར་བསྐྱེད་ཅིང་དགེ་བའི་རྩ་བ་སྩོགས་པར་འགྱུར
182a5 བདེ་ཡང་རབ་ཏུ་ཤེས་སོ། ། དེ་ཆོས་ཀྱི་ཚིག་འདི་དག་ལ་ཉིན་ལན་གཅིག་བཞིན་དུ་རུས་གསུམ་དུ་འཇུག་གོ།། ཡིད་ལ་བྱེད་དོ།། འདི་ལྟ་སྟེ། འཇིག་རྟེན་དག་གི་ཁམས་རྣམས་ཐམས་ཅད་ན། ཡང་དག་པར
182a6 བཞུགས་པའི་རྫོགས་པའི་སངས་རྒྱས་དང་། ཆོས་དང་དགེ་འདུན་དང་། བྱང་ཆུབ་སེམས་དཔའ་ལ།། གར་འགྲོ་མགོ་བོས་མཐའ་ཡས་ཕྱག་ཀྱང་འཚལ།། འགྲོ་བའི་ནང་ན་ཡོན་ཏན་མཉམ་མེད་ཅིང་།
182a7 མི་མཉམ་མཉམ་པའི་ཡོན་ཏན་འབྱུང་གནས་པོ།། ཡོན་ཏན་བདག་མེད་དེ་དག་ཐམས་ཅད་ལ།། བདག་ནི་མགོ་བོས་མཐའ་ཡས་སྐྱབས་སུ་མཆི།། སངས་རྒྱས་དང་ནི་ཆོས་དང་ཚོགས་རྣམས་དང་།།
182a8 བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འཇིག་རྟེན་ཁམས།། གང་ཡང་བརྒྱ་ལམ་སྟོངས་པར་མི་འགྱུར་བར།། དེ་ལྟར་གསོལ་བ་མཐའ་ཡས་རབ་ཏུ་འདེབས།། ཞི་བའི་ཆོས་ནི་རབ་ཏུ་སྟོན་བྱེད་ཅིང་།། བསྐལ་།
iiif viewer powered by OpenSeadragon
181b - 182b