| | e-texts navigator
|
181a1 ཤེས་རབ་ལ་སློབ་པ་དང་། ཤེས་བྱ་ཐམས་ཅད་ཉན་པ་དང་། ལེན་པ་དང་། འཛིན་པ་དང་། དཔྱོད་པར་དགའ་བ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ཐམས་ཅད་ཡང་དག་པར་བསྐྱ
181a2 བར་འདོད་པ་དང་། རང་གི་དོན་ལ་མི་ལ་བ་དང་། འཇིག་རྟེན་གྱི་དོན་ལྷུར་ལེན་པ་དང་། སྟོབས་ཇི་ལྟ་བ་བཞིན་དུ་སེམས་ཅན་ཐམས་ཅད་ཐེག་པ་གསུམ་པོ་དག་ལ་དགོད་པར་འདོད་པ་དང་། དགོད་པར་སྤྲོ་བ་དང་།
181a3 བདག་ཉིད་ཀྱང་བྱང་ཆུབ་ཀྱི་ཐེག་པ་ལ་ཤན་ཏུ་གནས་པ་དང་། མི་བྱེད་པ་དང་མི་བསྐྱོད་པ་དང་། རྡོ་རྗེ་ལྟ་བུའི་སེབས་དང་། རྟག་པར་རྒྱུན་ཏུ་བྱང་ཆུབ་དུ་སྨོན་ཅིང་། བྱང་ཆུབ་ངུ་སྨོན་ལམ་འདེབས་པ་དེ་ནི་ཐེག་པ
181a4 ཆེན་པོ་ཞེས་བྱ་སྟེ། དེ་ལྟར་ཐེག་པ་གསུམ་པོ་དག་རབ་ཏུ་ཤེས་སོ།། དེ་ཆོས་དེ་དག་ཉན་ཅིང་འཛིན་པ་དང་། མང་དུ་བྱེད་ཅིང་ཡོངས་སུ་རྟོག་པ་ན། དགེ་བའི་ཐབས་རབ་ཏུ་ཤེས་ཏེ། སངས་རྒྱས་དང་ཆོས་དང
181a5 དགེ་འདུན་ཐམས་ཅད་ལ་ཕྱག་འཚལ་ལོ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གཏོགས་པ། འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་དང་། ཆོས་ཐམས་ཅད་དང་དགེ་འདུན
181a6 ཐམས་ཅད་ལ་ཕྱག་འཚལ་ལོ། ། ནས་དམིགས་པར་བ་དོ།། དེ་ཕྱག་ལན་ཅིག་འཚལ་བ་ན། མཐའ་ཡས་ཤིང་དཔག་ཏུ་མེད་པར་ཕྱག་འཚལ་བམ་བྱའོ་སྙམ་དུ་སེམས་བསྐྱེད་དོ།། དེ་བྱང་ཆུབ་ཏུ་སྨོན
181a7 ག་མས་ད་ས་པ་དང་སེམས་རྣམས་དངོ་པ་དང་སེམས་ཅ་ས་ད་གས་སུཔ་དག་མས་ན་ཁྱེད་ཆོལ་མ་པམས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བཱི་པྱིར་ཡོངས་སུ་སྔོ་བར་བྱེད་དོ། དེ་བཞིན་དུ་སྐྱབས་སུ་དགྲོ་བ་ན་ཡང་སེམས་བསྐྱེད་དོ།
181a8 ། དེ་འགྲོ་བ་དང་། འགྲེང་བ་དང་། འདུག་པ་དང་། ཉལ་བ་དང་།། ཁྲུས་བྱེད་པ་དང་། ཐ་བ་དང་། མཐུང་བ་དང་། ཞིང་རྨེད་པ་དང་། ས་བོན་འདབས་པ
iiif viewer powered by OpenSeadragon
180b - 181b