e-texts navigator
Collection
Volume
Page
Wylie

180b1 འདོར་ཏེ་སྐད་ཅིག་དེ་ལ་དེ་མ་ཐག་ཏུ་མྱ་ངན་ལས་འདས་པ་ཐོབ་པའི་ཕན་ཡོན་མཐོང་ནས། མགོ་དང་གོས་ལ་མེ་འབར་བ་བཞིན་དུ་འཕགས་པའི་བདེན་པ་བཞི་པོ་དག་ཁོང་དུ་ཆུད་པ་དང་། རྟོགས་པར་བྱ་བའི་ཕྱིར་བདུན
180b2 པ་དང་བརྩེལ་བའི་ཤས་ཆེ་བ་དེ་ནི་ཉན་ཐོས་ཀྱི་ཐེག་པ་ཞེས་བྱའོ། ། མོས་པ་འབྲིང་དང་། དབང་པོ་འབྲིང་དང་། དབེན་པར་དགའ་བ་དང་། རང་གི་དོན་ལྷུར་ལེན་པ་དང་། བསམ་གཏན་དང་། སྙོམས་པར་འཇུག་པ་ལ
180b3 གནས་པར་བརྩོན་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་རབ་ཏུ་རྣམ་པར་འབྱེད་པ་ལ་མཁས་པ་དང་། རང་བྱང་ཆུབ་དུ་སྨོན་པ་དང་། རང་བྱང་ཆུབ་དུ་སྨོན་ལམ་འདེབས་པ་དེ་ནི་རང་སངས་རྒྱས་ཀྱི་ཐེག་པ
180b4 ཞེས་བྱའོ། ། མོས་པ་ཁྱད་པར་དུ་འཕགས་པ། དབང་པོ་ཁྱད་པར་དུ་འཕགས་པས། སེམས་ཅན་ཐམས་ཅད་བསྒྲལ་བ་དང་། སེམས་ཅན་ཐམས་ཅད་དགྲོལ་བ་དང་། སེམས་ཅན་ཐམས་ཅད་དབུགས
180b5 དབྱུང་བ་དང་། ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བའི་ཕྱིར། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་བསྐད་པར་འདོད་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་བསྐྲང་པར་འདོད་པ་དང་། འཇིག་རྟེན
180b6 གྱི་དོན་ཏུ་འཁོར་བའི་སྡུག་བསྔལ་ལ་མི་ལྟ་བ་དང་། འཁོར་བའི་བདེ་བ་ལ་ཡང་སྨོད་པ་མེད་པ་ཡིན་ནོ། འཁོར་བའི་སྡུག་བསྔལ་ལ་དམོད་པ་མེད་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། ཚུལ་ཁྲིམས་དང་སྤྱོད་པ།
180b7 ཁྱད་པར་དུ་འཕགས་པ་ལ་རྣམ་པར་གན་པ་དང་། རྫོགས་པའི་བྱང་ཆུབ་ཀྱི་ཐེག་པ་ཅན་གྱི་མ་དོ་སྡེ་རྣམས་ཀློག་པ་དང་། ཁ་ཏོན་ཏུ་བྱེད་པ་དང་། ལུང་འབེགས་པ་དང་། ཡིད་ལབྱེད་པ་རྣམས་ལ་བརྩོན་འགྲུས
180b8 བརྩམས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཡིན་པ་དེ་དག་དགེ་བའི་བཤེས་གཉེན་ཡིན་པ་དང་། དེ་དག་གི་བྱིན་གྱི་རླབས་བཞི་པོ་བདེན་པ་དང་། གཏང་བ་དང་། ཉེ་བར་ཞི་བ་དང་།




iiif viewer powered by OpenSeadragon

180a - 181a

Texts on this page

Q760,26 - 'phags pa lag bzangs kyis zhus pa zhes bya ba theg pa chen po'i mdo