e-texts navigator
Collection
Volume
Page
Wylie

179b1 བྱ་བའི་ཕྱིར་རྟག་པར་རྒྱུན་ཏུ་མི་འདོར་རོ། ། ཉམས་པར་མི་བྱེད་དོ།། རྗེད་པར་མི་བྱེད་དོ།། བག་མེད་པར་མི་བྱེད་དོ།། གང་འདས་པའི་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་དེ་ནི་འདས་པ། འགག་པ་མ
179b2 པ། ཡོད་པ་མ་ཡིན་པ་སྟེ། དེ་ན་དེ་ལྟར་བདག་མེད་པ་སྟེ། བདག་གི་མེད་པའོ།། གང་ས་འོངས་པའི་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་གིམ་བྱས་པ་བྱུང་བད་ཡིནཔ་། ད་མ་པ་ག་ས་ལའོ།། ང
179b3 བྱུང་བའི་དུས་ཀྱི་ཁམས་དང་། ཕུང་པོ་དང་སྐྱེ་མམེད་དེ་ནི་མི་གནས་པ་མི་འདུག་པའོ།། དེ་ཅིའི་ཕྱིར་ཞེན། འཇིག་རྟེད་དེ། སྐད་ཅིག་ལས་སྐྲག་པར་མི་གནས་པ་འབྱོར་རོ།། སྐད་ཅིག་པ་དེའི་སྐྱེ་བའི་དུས་ཀྱང་གདང
179b4 གནས་པའི་དུས་ཀྱང་གཞན། འགག་པའི་དུས་ཀྱང་གཞན་གང་ཡིན་པའི་སྐད་ཅིག་དེ་ནི་གནས་པ་མེད་པ། འདུག་པ་མེད་པའོ།། སྐད་ཅིག་གི་དུས་སུ་གང་ཡིན་པ་དེདོན་ནང་དང་ཕྱིའི་ཕུང་པོ་དང་། ཁམས་དང་སྐྱེ་བཆེད་དེ།
179b5 ནང་དང་ཕྱིའི་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་གང་ཡིན་པ་དེ་ནི་དྲིས་སོ།། ད་ལྟར་བྱུང་བའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་གང་ཡིན་པ་དེ་ནི་སྐད་ཅིག་ཅམ་ཡང་མི་གནས་མི་འདུག་པ་སྟེ། མྀ་གནས་པ
179b6 མི་འདུག་པ་ལ་ནི་བདག་གམ་བདག་གི་མེད་དོ། དེ་ཡང་གང་གི་ཚེ་མ་འོངས་པར་འགྱུར་བ་དེའི་ཚེ་མ་སྐྱེས་པ་མ་བྱུང་བ་ཡོད་པ་མ་ཡིན་པའོ།། བདག་དུ་མ་གྱུར་ཅིང་། བདག་གིར་མ་གྱུར་པའོ།། གང་གི་ཚེ་འདས
179b7 ཏེ་འགག་པ་དང་། མ་བྱུང་སྟེ་ཡོད་པ་མ་ཡིན་པར་འགྱུར་བ་དེའི་ཚེ། ཡང་བདག་མེད་པ་དང་། བདག་གི་མེད་པ་ཉིད་དུ་འགྱུར་རོ།། གང་ཡང་དུས་གསུམ་དག་ཏུ་བདག་གི་མེད་ཅིང་བདག་གི་མེད་པ་དེ་ནི་མ་བྱུང་ཞིང་ཡོད་པ་མ་ཡིན
179b8 བའི་ཕྱིར་མཁས་ཤིང་རིག་པ་རྣམས་ཀྱིས་འདི་ནི་བདག་གིའོ། ། འདིན་དའོ།། བདག་གི་ནི་འདི་ནི་ཡོད་དོ། ཞེས་བདག་ཏུ་ལྟ་བར་འོས་པ་མ་ཡིན་ནོ།། དེ་སྲིད་པ་ཐམས་ཅད་དང་། འདི་བྱེད་ཐམས་ཅད




iiif viewer powered by OpenSeadragon

179a - 180a

Texts on this page

Q760,26 - 'phags pa lag bzangs kyis zhus pa zhes bya ba theg pa chen po'i mdo