e-texts navigator
Collection
Volume
Page
Wylie

179a1 མི་འོང་བར་རྣམ་པར་སྨིན་པར་མཐོང་། འཇིགས་པར་མཐོང་ཞིང་གནས་སོ།། ད་ལྟར་བྱུང་བའི་དུས་ཀྱི་བདག་གི་མི་དགེ་བའི་རྩ་བ་སྐྱེ་བའི་སྐབས་མི་འབྱེད་དེ། ལུབསྔོབ་པས་བསྡམས། ངག་སྡོམ
179a2 པས་བསྡམས། ཡིད་སྡོམ་པས་བསྡམས། དབང་པོ་དྲུག་སྡོམ་པས་བསྡམས་སོ།། དེ་འདས་པའི་དུས་ཀྱི་བདག་གི་དགེ་བའི་རྩ་བ་རྣམས་དང་། བྱང་ཆུབ་དུ་སེམས་བསྐྱེད་པ་དང་། བྱང་ཆུབ་ཀྱི་སེམས་ལ་སྔོན
179a3 པ་དང་། བྱང་ཆུབ་ཀྱི་སེམས་ལ་སྨོན་ལམ་འདེབས་པ་རྗེས་སུ་དྲན་ཞིང་། འདུན་པ་དྲག་པོ་དང་། དགའ་བ་དྲག་པོ་དང་། དད་པ་དྲག་པོས་སེམས་ཅན་ཐམས་ཅད་བསྒྲལ་བ་དང་། སེམས་ཅདན་ཐམས་ཅད་བསྒྲོལ
179a4 བ་དང་། སེམས་ཅན་ཐམས་ཅད་དབུགས་དབྱུང་བ་དང་། ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་སྔོ་བར་བྱེད་དོ།། མ་འོངས་པའི་དུས
179a5 ཀྱི་བདག་གི་དགེ་བའི་རྩ་བ་རྣམས་དང་། བྱང་ཆུབ་དུ་སེམས་བསྐྱེད་པ་དང་། བྱང་ཆུབ་དུ་སྨོན་པ་དང་། བྱང་ཆུབ་དུ་སྨོན་ལམ་འདེབས་པ་ཡང་འདུན་པ་དྲག་པོ་དང་། དགའ་བ་དྲག་པོ་དང་། དང་བ་དྲག་པོས།
179a6 སེམས་ཅན་ཐམས་ཅད་བསྐལ་བ་དང་། སེམས་ཅན་ཐམས་ཅད་དགྲོལ་བ་དང་། སེམས་ཅན་ཐམས་ཅད་དབུགས་དབྱུང་བ་དང་། ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བ་དང་། སངས་རྒྱས་ཀྱི་ཆོས་ཐམ་ཅད
179a7 ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འདོད་དོ། ། མོས་སོ།། ཡིད་ཀྱིས་སྨོན་ཏོ། ད་ལྟར་བྱུང་བའི་བདག་གི་དགེ་བའི་སེམས་ཀྱི་རྒྱུན་དང་། དགེ་བའི་སེམས་ཀྱི་རྒྱུད་ཀྱང་སེམས་ཅན་ཐམས་ཅད་བསྒྲལ་བ་དང་།
179a8 སེམས་ཅན་ཐམས་ཅད་དགྲོལ་བ་དང་། སེམས་ཅན་ཐམས་ཅད་དབུགས་དབྱུང་བ་དང་། ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར




iiif viewer powered by OpenSeadragon

178b - 179b

Texts on this page

Q760,26 - 'phags pa lag bzangs kyis zhus pa zhes bya ba theg pa chen po'i mdo