e-texts navigator
Collection
Volume
Page
Wylie

178b1 པར་འཇིག་གོ། ། དེརྟེན་ཅིང་འབྲེལ་བར་འབྱུང་བ་ཆོམ་རྣམས་ཡང་དག་པར་རྗེས་སུ་མཐོང་བ་ན་འདི་ལྟ་སྟེ། མ་རིག་པ་འགགས་པས། འདུ་བྱེད་འགག་འདུ་བྱེད་འགག་པས། རྣམ་པར་ཤེས་པ་འགག་རྣམ
178b2 པར་ཤེས་པ་འགགས་པས། མིང་དང་གཟུགས་འགག། མིང་དང་གཟུགས་འགགས་པས། སྐྱེ་མཆེད་དྲུག་འགག་སྐྱེ་མཆེད་དྲུག་འགགས་པས། རེག་པ་འགག། རེག་པ་འགགས་པས། ཚོར་བ་འགས།
178b3 རབ་འགགྲབས། སྲེད་པ་འགག། སྲེད་པ་འགགས་པས། ལེན་པ་འགག། ལེན་པ་འགགས་པས། སྲིད་པ་འགག། སྲིད་པ་འགགས་པས། སྐྱེ་བ་འགག། སྐྱེ་བ་འགགས་པས། རྒ་ཤི་འགས
178b4 པར་རྟེན་ཅིང་འབྲེལ་བར་འབྱུང་བའི་འགག་པ་ཁོང་དུ་ཆུད་པར་བྱེད་ཅིང་རྣམ་པར་འཇིག་སྟེ། དེ་དེ་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བའི་འགོག་པ་ཡང་དག་པར་རྗེས་སུ་མཐོང་ཡང་རྟེན་ཅིང་འབྲེལ་བར་འབྱུང་བའི
178b5 འགོག་པ་མངོན་གསུམ་དུ་ཡང་མི་བྱེད་དེ། དེ་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བའི་འགོག་པ་རབ་ཏུ་ཤེས་སོ།། དེ་ཆོས་དེ་དག་ཉན་ཅིང་འཛིན་པ་དང་། མང་དུ་བྱེད་ཅིང་ཡོངས་སུ་རྟོག་པ་ན་དུས་གསུམ་རབ་ཏུ་ཤེས་ཏེ།
178b6 གསུམ་གང་ཞེ་ན། འདས་པའི་དུས་དང་། མ་འོངས་པའི་དུས་དང་། ད་ལྟར་བྱུང་བའི་དུས་ཏེ། དེ་དག་ནི་དུས་གསུམ་རྣམས་ཤེས་བྱའོ།། འདུ་བྱེད་གང་ལ་ལ་འགགས་པ་དེ་ནི་འདས་པའི་དུས་ཤེས་བྱའོ།། འདུ་བྱེད
178b7 གང་ལ་ལ་མ་འོངས་ཤིང་མ་སྐྱེས་པ་དེ་ནི་མ་འོངས་པའི་དུས་ཤེས་བྱའོ། ། འདུ་བྱེད་གང་ལ་ལ་ད་ལྟར་བླང་བ་ད་ལྟར་གྱུར་པ་དེ་ནི་ད་ལྟར་ཐུང་བའི་དུས་ཤེས་བྱའོ།། དེ་འདས་པའི་དུས་ཀྱི་བདག་གི་མི་དགེ་བའི་རྩ་བ
178b8 རྣམས་རྗེས་སུ་དྲན་ན་སྨོད་ཅིང་གཞུང་སྟེ་ངེས་པར་སྤོང་ངོ་། ། མ་འོངས་པའི་དུས་ཀྱི་བདག་གི་མི་དགེ་བའི་རྩ་བ་རྡུལ་ཙམ་ལ་ཡང་གཅིག་ཏུ་རྣམ་པར་སྨིན་པར་མཐོང་། མི་སྡུག་པར་རྣམ་པར་སྨིན་པར་མཐོང་། ཡིད་དུ




iiif viewer powered by OpenSeadragon

178a - 179a

Texts on this page

Q760,26 - 'phags pa lag bzangs kyis zhus pa zhes bya ba theg pa chen po'i mdo