e-texts navigator
Collection
Volume
Page
Wylie

176b1 ཡང་མི་འབྱུང་ངོ་སྙམ་པ་དང་། དེ་བཞིན་སོང་བ་ཤི་ཕྱིན་ཆད་འབྱུང་བ་ཡང་མ་ཡིན། མི་འབྱུང་བ་ཡང་མ་ཡིན་ནོ།། སྙམ་པ་དང་། སྲོག་དེ་ལུས་དེ་ཡིན་སྙམ་པ་དང་། སྲོག་ཀྱང་གཞན་ལུས་ཀྱང་གཞན་ནོ་སྙམ
176b2 བ་དང་། སེམས་ཅན་འདི་གང་ནས་འོངས། དེ་འདི་ནས་ཤི་འཕོས་ནས་གང་དུ་འགྲོ་བར་འགྱུར་སྙམ་པ་དང་། སེམས་ཅན་ཡོད་པ་ལས་ཚད་དེ་འཇིག་ཅིང་མེད་པར་འགྱུར་རོ་སྙམ་པ་དང་། བྱེད་པར་དམྱོང་བ་ཛི་ན།
176b3 སྙམ་པ་དང་། བྱེད་པ་ཡང་གཞན། མྱོང་བ་ཡང་གཞན་ནོ་སྙམ་པ་དང་། བདག་ཡོད་པས་བདག་ག་ཡོད་པར་འགྱུར་རོ།། སྙམ་པ་དང་། བདག་ན་ཡོད་པས་བདག་ཡོད་པར་འགྱུར་རོ་སྙམ་པ་དང་། འདིན་བདག།
176b4 དེས་བུའམ། བདག་གཞན་དུ་འགྱུར་བ་ཞིག་གམ། དེ་བཞིན་དུ་འགྱུར་བ་ཞིག་གམ། གཞན་དུ་འགྱུར་བཞིག་གམ། འདིར་འབྱུང་བར་འགྱུར་རམ། དེ་ལྟར་འབྱུང་བར་འགྱུར་རམ། གཞན་དུ་འབྱུང་བར
176b5 འགྱུར་རམ། འདིར་བདག་སྔོན་བྱུང་བ་འམ། བདག་དེ་ལྟར་འབྱུང་ངམ། བདག་གཞན་དུ་འབྱུར་ངམ། སྙམ་དུ་དེ་དག་ལ་བདག་ཏུ་མངོན་པར་ཞེན་ཏེ། འཇིག་ཚོགས་ལ་ལྟ་བ་དང་། ངའོ་སྙམ་པའི་ང་རྒྱལ་དང
176b6 སེམས་ཀྱི་གནས་དང་། མངོན་པར་ཞེན་པ་དང་། ང་རྒྱལ་གྱི་བག་ལ་ཉལ་བ་དང་། སྙམས་པ་དང་། ང་རྒྱལ་བྱེད་པ་དང་། བདག་ཏུ་སྦ་བའི་ལེན་པ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང
176b7 ང་རྒྱལ་གང་ཡིན་པ་ཐམས་ཅད་དང་། ལུས་སམ། དག་གམ། སེམས་ཀྱི་ལས་བསོད་ནམས་སུ་ཉེ་བར་འགྲོ་བ་མ། བསོད་ནམས་མ་ཡིན་པར་ཉེ་བར་འགྲོ་བ་མ། མི་གཡོ་བར་ཉེ་བར་འགྲོ་བ་མ། འདོད
176b8 པར་གཏོགས་པ་འམ། གཟུགས་སུ་གཏོགས་པ་འམ། གཟུགས་མེད་པར་གཏོགས་པ་གང་ཡིན་པ་དེ་ནི་སྡུག་བསྔལ་ཀུན་འགྱུར་བ་འཕགས་པའི་བདེན་པ་ཞེས་བྱའོ།། གང་འདོད་ཆགས་ཟད་པ་དང་། ཞེ་སྡང




iiif viewer powered by OpenSeadragon

176a - 177a

Texts on this page

Q760,26 - 'phags pa lag bzangs kyis zhus pa zhes bya ba theg pa chen po'i mdo