e-texts navigator
Collection
Volume
Page
Wylie

176a1 གཏི་མུག་དང་། ང་རྒྱལ་དང་། ངོའོ་སྙམ་དུ་མངོན་པར་ཞེན་པ་དང་། བདག་གིས་བདག་འདི་ཡིན་ནོ།། སྙམ་དུ་བདག་དུ་མངོན་པར་ཞེན་པ་དང་། ལྷས་སུ་། ག་ལུས་ཡྀ་ལུང་སྣ་ན།
176a2 གཟུགས་ཅན་དུ་འགྱུ་རོ་སྙམ་པ་དང་། གཟུགས་ཅན་མ་ཡིན་པར་འགྱུ་རོ་སྙམ་པ་དང་། འདུ་ཤེས་ཅན་དུ་འགྱུར་རོ་སྙམ་པ་དང་། འདུ་ཤེས་ཅན་མ་ཡིན་པར་འགྱུར་རོ་སྙམ་པ་དང་། འདུ་ཤེས་ཅན་མ
176a3 ཡིན་པ་འདུ་ཤེས་ཅན་མ་ཡིན་པ་འང་མ་ཡིན་པར་འགྱུར་རོ་སྙམ་པ་དང་། ཕུང་པོ་རྣམས་བདག་གོ་སྙམ་པ་དང་། ཕུང་པོ་རྣམས་ལས་བདག་གཞན་ནོ་སྙམ་པ་དང་། ཕུང་པོ་རྣམས་ལ་བདག་གོ་སྙམ་པ་དང་། བདག
176a4 ལ་ཕུང་པོ་རྣམས་སོ་སྙམ་པ་དང་། ཁམས་རྣམས་དང་། སྐྱེ་མཆེད་རྣམས་བདག་གོ་སྙམ་པ་དང་། སྐྱེ་མཆེད་རྣམས་ལས་བདག་གཞན་སྙམ་པ་དང་། སྐྱེ་མཆེད་རྣམས་ལ་བདག་སྙམ་པ་དང་། བདག་ལ
176a5 སྐྱེ་མཆེད་རྣམས་སོ་སྙམ་པ་དང་། ཚོར་བ་བདག་གོ་སྙམ་པ་དང་། ཚོར་བ་བྱེད་པ་བདག་གོ་སྙམ་པ་དང་། གཟུགས་ཅན་ཆུང་ངུ་བདག་གོ་སྙམ་པ་དང་། གཟུགས་ཅན་མ་ཡིན་པ་ཆུང་ངུ་བདག་གོ་སྙམ་པ་དང་། གཟུག
176a6 ཅན་མཐའ་ཡས་པ་དག་གོ། ། སྙམ་པ་དང་། གཟུགས་ཅན་མ་ཡིན་པ་མཐའ་ཡས་པ་བདག་གོ་སྙམ་པ་དང་། བདག་རྟག་གོ་སྙམ་པ་དང་། བདག་མི་རྟག་གོ་སྙམ་པ་དང་། རྟག་ཀྱང་རྟག་ལ་མི་རྟག་ཀྱང་མི་རྟག་གོ་སྙམ
176a7 པ་དང་། རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་ནོ་སྙམ་པ་དང་། བདག་མཐའ་ཡོད་དོ་སྙམ་པ་དང་། བདག་མཐའ་ཡོད་པ་མ་ཡིན་ནོ་སྙམ་པ་དང་། བདག་ཡོད་ཀྱང་ཡོད་ལ་མཐའ་མེད་ཅིང་མེད་དེ་སྙམ་པ་དང་།
176a8 མཐའ་ཡོད་པ་ཡང་མ་ཡིན། མཐའ་མེད་པ་ཡང་མ་ཡིན་ནོ་སྙམ་པ་དང་། དེ་བཞིན་སོང་བ་ཤི་བའི་འོག་ཏུ་འབྱུང་བར་འགྱུར་རོ།། སྙམ་པ་དང་། འབྱུང་བར་མི་འགྱུར་རོ་སྙམ་པ་དང་། འབྱུང་ཡང་འབྱུང་ལ་མི་འབྱུང




iiif viewer powered by OpenSeadragon

175b - 176b

Texts on this page

Q760,26 - 'phags pa lag bzangs kyis zhus pa zhes bya ba theg pa chen po'i mdo