| | e-texts navigator
|
175b1 ཐེར་ཟུག་པ་འམ། དེ་བཞིན་ཉིད་དམ། མནོར་པ་དེ་བཞིན་ཉིད་དམ། གཞན་མ་ཡིན་པ་དེ་བཞིན་ཉིད་ནི། གང་ཡང་མེད་ཀྱི་སྙ་མ་དེ་ནི་ཡོད། སེམས་རྨོངས་པར་བྱེད་པ་དེ་ནི་ཡོད་དེ། གང་ཅི་ཡང་ཡོད་པ་དང་།
175b2 དེ་བཞིན་དུ་རྣ་པས་རྣམ་པར་ཤེས་པར་བྱ་བ་སྣ་རྣམས་དང་། སྣས་རྣམ་པར་ཤེས་པར་བྱ་བ་དྲི་རྣམས་དང་། ལྕེས་རྣམ་པ་ཤེ་ར་དོ་པ་དང་། ལུས་ཀྱིས་རྣམ་པར་ཤེས་པར་བྱ་བ་རེག་བྱ་རྣམས་དང་། ཡིད
175b3 ཀྱིས་རྣམ་པར་ཤེས་པར་བྱ་བ་ཆོས་ཕྱིའི་སྐྱེ་མཆེད་ལ་ཡད་སྐབས་མེད་པ་དང་། མགོན་མེད་པ་དང་། སྟོབས་མེད་པ་དང་། ཉམ་ཆུང་བ་སྟེ། དེ་ལ་རྟག་པའམ། བརྟན་པའམ། ཐེར་ཐ་ཟུག་པའམ།
175b4 དེ་བཞིན་ཉིད་དམ། མ་ནོར་བ་དེ་བཞིན་ཉིད་དམ། གཞན་མ་ཡིན་པ་དེ་བཞིན་ཉིད་ནི་གང་ཡང་མེད་ཀྱི་སྒྱུ་མ་དེ་ནི་ཡོད། སྒྱུ་མར་བྱས་པ་དེ་ནི་ཡོད། སེམས་རྨོངས་པར་བྱེད་པ་དེ་ནི་ཡོད། དེ། གང
175b5 ཡང་ཡོད་པར་ཕྱེའི་སྐྱེ་མཆེད་དྲུག་པོ་དེ་ལྟར་རབ་ཏུ་ཤེས་སོ། ། དེ་ཆོས་དེ་དག་ཉན་ཅིང་འཛིན་པ་དང་། མེད་ཏུ་བྱེད་ཅིང་ཡོངས་སུ་རྟོག་པ་ན་འཕགས་པའི་བདེན་པ་བཞི་རབ་ཏུ་ཤེས་སོ།། བཞི་གང་ཞེ་ན།
175b6 སྡུག་བསྔལ་འཕགས་པའི་བདེན་པ་དང་། སྡུག་བསྔལ་ཀུན་འབྱུང་བ་དང་། སྡུག་བསྔལ་འགོག་པ་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་ཞེས་བྱ་བ་འཕགས
175b7 པའི་བདེན་པ་བཞི་པོ་དེ་དག་གོ། ། ཕུང་པོ་ལྔ་རྣམས་དང་། ཁམས་དྲུག་པོ་དག་དང་། ནང་གི་སྐྱེ་མཆེད་དྲུག་པོ་དག་དང་། ཕྱིའི་སྐྱེ་མཆེད་དྲུག་པོ་དག་གང་ཡིན་པ་དེ་ནི་སྡུག་བསྔལ་ཞེས་བྱ་སྟེ། སྡུག་བསྔལ
175b8 དེ་ནི་མི་རྟག་པ་དང་། སྡུག་བསྔལ་བ་དང་། ནད་དང་འབྲས་དང་། ཟུག་རྔུ་དང་། སྡིག་པ་དང་། བདག་མེད་པ་དང་། རབ་ཏུ་འཇིག་པའི་ཆོས་ཉིད་དུ་ལྟའོ།། འདོད་ཆགས་དང་། ཞེ་སྡང་དང་།
iiif viewer powered by OpenSeadragon
175a - 176a