| | e-texts navigator
|
175a1 མཆེད་དྲུག་པོ་དེ་དག་གོ། དེ་ལ་མི་ག་ནང་གི་སྐྱེ་མཆེད་ནི་ན་བའི་ཆོས་ཅན་དང་། རྒ་བའི་ཆོས་ཅན། འཆི་བའི་ཆོས་ཅན་དང་། བདག་དང་བདག་གིས་སྟོང་པ་དང་། འདོད་ཆགས་ཀྱི་མེ་དང་།
175a2 ཞེ་སྡང་གི་མེ་དང་། གཏི་མུག་གི་མེ། ཀུན་ཏུ་འབར་བ་དང་། སྐྱེ་བ་དང་རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག
175a3 པ་རྣམས་ཀྱིས་ཀུན་ཏུ་འབར་བ་དང་། སྡུག་བསྔལ་གྱིས་ཀུན་ཏུ་འབར་བ་རབ་ཏུ་ཤེས་སོ།། དེ་བཞིན་དུ་རྣ་བ་དང་། སྣ་དང་ལྕེ་དང་། ལུས་དང་ཡིད་ནང་གི་སྐྱེ་མཆེད་ལ་ཡང་། ན་བའི་ཆོས་ཅན་དང་། རྒ་བའི་ཆོས
175a4 ཅན་དང་། འཆི་བའི་ཆོས་ཅན་དང་། བདག་དང་བདག་གིས་སྟོང་པ་དང་། འདོད་ཆགས་ཀྱི་མེ་དང་། ཞེ་སྡང་གི་མེ་དང་། གཏི་མུག་གི་མེ་ཀུན་ཏུ་འབར་བ་དང་། སྐྱེ་བ་དང་རྒ་བ་དང་། ན་བ་དང་འཆི་བ་དང་། མྱ་ངན་དང་།
175a5 སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་ཀྱིས་ཀུན་ཏུ་འབར་བ་དང་། སྡུག་བསྔལ་གྱིས་ཀུན་ཏུ་འབར་ང་རབ་ཏུ་ཤོས་ཏེ། དེ་ལྟར་ནང་གི་སྐྱེ་མཆེད་དྲུག་པོ་དག་ར
175a6 ཏུ་ཤེས་སོ། ། གཞན་ཡང་བྱེའི་སྐྱེ་མཆེད་དྲུག་རབ་ཏུ་ཤེས་ཏེ།། མིག་གིས་རྣམ་པར་ཤེས་པར་བྱ་བ་གཟུགས་རྣམས་ཕྱིའི་སྐྱེ་མཆེད་དང་། རྣ་བས་རྣམ་པར་ཤེས་པར་བྱ་བ་སྒྲ་རྣམས་དང་། སྣས་རྣམ་པར
175a7 ཤེས་པར་བྱ་ཛིནས་པ་དང་། རྗེས་རྣམ་པར་ཤེས་བྱ་བ་རྣམས་དང་། ལུས་རྣམ་པར་ཤེས་པར་བྱ་བ་ཏུ་རྣམས་དང་། ཡིད་ཀྱི་རྣམ་པར་ཤེས་པར་བྱ་བ་ཆོས་བྱ་ཀྱི་ཆེ་རྣམས་ས།
175a8 མན་དྲུག་པོད་དག།། དེས་མིག་གིས་ས་པ་ཤེས་པར་བྱ་བ་ག་གས་ཀྱིའི་ཕྱེམ་ཆེན་ལ་གྲུབས་མེད་པ་དང་། མནན་མེད་པ་དང་། སྟོབས་མེད་པ་དང་། ཉམ་རྡུང་བ་ཏེ། དེ་བཏག་པའམ། བརྟན་པ
iiif viewer powered by OpenSeadragon
174b - 175b