| | e-texts navigator
|
173b1 བའི་ཁམས་དང་མི་དགེ་བའི་ཁམས་དང་། ལུང་དུ་མ་བསྟན་པའི་ཁམས་ཏེ། གསུམ་པོ་དེ་དག་གོ།། དགེ་བའི་ཁམས་ནི་གང་། མི་དགེ་བའི་ཁམས་ནི་གང་། ལུང་དུ་མ་བསྟན་པའི་ཁམས་ནི་གང་ཞེ་ན།
173b2 གང་ཅི་ཡང་རུང་སྟེ་ཆགས་པ་མེད་པ་དང་། ཆགས་པ་མེད་པ་དང་ལྡན་པ་དང་། གང་ཅི་ཡང་རུང་སྟེ།། ཞེ་སྡང་མེད་པ་དང་ཞེ་སང་མེད་པ་དང་ལྡན་པ་དང་། གང་ཅི་ཡང་རུང་སྟེ། གཏི་མུག་མེད་པ་དང་། གཏི་མུག་མེད
173b3 པ་དང་ལྡན་པ་དེ་ནི་དགེ་བའི་ཁམས་ཤེས་བྱའོ། ། གང་ཅི་ཡང་རུང་སྟེ་ཆགས་པ་དང་། ཆགས་པ་དང་ལྡན་པ་དང་། ཞེ་སྡང་དང་། ཞེ་སྡང་དང་ལྡན་པ་དང་། གང་ཅི་ཡང་དྲང་སྟེ། གཏི་མུག་དང་། གཏི་མུག་དང་ལྡན
173b4 བཻདེ་ནི་མི་དགེ་བའི་ཁམས་ཤེས་བྱའོ། ། དེ་གཉིས་ལ་མ་གཏོགས་པ་ནི་ལུང་དུ་མ་བསྟན་པ་ཉིད་དེ། དེ་ལྟར་ཁམས་གསུམ་རབ་ཏུ་ཤེས་སོ།། གཞན་ཡང་ཐམས་གསུམ་བ་ཏུ་ཤེས་ཏེ། གསུམ་གང་ཞེ་ན། འདོད་པའི
173b5 ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་སོ།། འདོད་པའི་ཁམས་གང་ཞེ་ན། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། ཡི་དགས་དང་། ལྷ་མ་ཡིན་དང་།
173b6 མི་དང་། རྒྱལ་ཆེན་བཞིའི་ལྷ་རྣམས་དང་། སུམ་བཅུ་རྩ་གསུམ་དང་། འཐབ་འབྲལ་དང་། དགའ་ལྡན་དང་འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཏེ། གང་དེ་དག་ལ་འདུན་པ་དང་།
173b7 ཆགས་པ་དང་། ཞེ་སྡང་བ་དང་། གཏི་མུག་པ་དང་། ཡིད་ཀྱིས་སྨོན་པ་དང་། སྨོན་ལམ་འདེབས་པ་དང་། མངོན་པར་འདུ་བྱེད་པ་དེ་ནི་འདོད་པའི་ཁམས་ཤེས་བྱའོ།། གཟུགས་ཀྱི་ཁམས་གང་ཞེ་ན།
173b8 ཚངས་རིས་ཀྱི་ལྷ་རྣམས་དང་། ཚངས་པའི་འདུན་ན་འདོན་རྣམས་དང་། ཚངས་ཆེན་དང་། འོད་ཆུང་དང་། ཚད་མེད་འོད་དང་། འོད་གསལ་དང་། དགེ་ཆུང་དང་། ཚད་མེད་དགེ་དང་། དགེ་རྒྱས་དང་། སྤྲིན་མེད
iiif viewer powered by OpenSeadragon
173a - 174a