| | e-texts navigator
|
172b1 སྲིད་པ་གཞན་དུ་གྱུར་པ་ན་ཡང་ཞུམ་པར་མི་འགྱུར་ཞིང་། སྒྱིད་ལུག་པར་མི་འགྱུར་རོ།། ལག་བཟངས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་དུ་སེམས་བསྐྱེད་པ་དང་། བྱང་ཆུབ་ཀྱི་སེམས་རྗེས་སུ
172b2 དྲན་པ་དང་། བྱང་ཆུབ་ཀྱི་སེམས་བསྒོམ་པ་དང་། བྱང་ཆུབ་དུ་སྨོན་པ་དང་། བྱང་ཆུབ་དུ་སྨོན་ལམ་འདབས་པ་གང་ཡིན་པ་དེ་ཉིད་དེ་དག་གི་སེམས་མཉམ་པར་བཞག་པ་དགེ་བ་དང་། སེམས་རྩེ་གཅིག་ཏུ་བྱ་བ
172b3 དགེ་བ་གྲངས་མེད་ཅིང་དཔག་ཏུ་མེད་པ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ལ་ཟག་པ་མེད་པའི་སེམས་མཉམ་པར་བཞག་བསྐྱེད་པར་འདོད་པ
172b4 དང་། མི་སློབ་པའི་སེམས་མཉམ་པར་བཞག་པ་སྐྱེད་པར་འདོད་པ་དང་། ཟག་པ་མེད་པའི་སེམས་མཉམ་པར་བཞག་པ་ཡང་དག་པར་སྐྱེད་པར་འདོད་པ་དང་། མི་སློབ་པའི་སེམས་མཉམ་པར་བཞག་པ་ཡང་དག
172b5 པར་སྐྱེད་པར་འདོད་པ་དེ་ནི་སེམས་མཉམ་པར་གཞག་པ་དགེ་བ་དང་། སེམས་རྩེ་གཅིག་ཏུ་བྱ་བ་དགེ་བ་མཐའ་ཡས་སུ་མེད་པ་ཡིན་ནོ།། ལག་བཟངས་དེ་ལྟར་ན་བྱང་ཆུབ་སེམས་དཔའ་བདེ་བ་དང་ལྡན་ལ། ཡིད
172b6 བདེ་བ་དང་ལྡན་ཞིང་ཚིགས་ཆུ་རུ་དང་སྡུག་བསྔལ་ཆུ་དུས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། ། ལག་བཟངས་བྱང་ཆུབ་སེམས་དཔའ་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ
172b7 རྫོགས་པར་བྱེད་ཅེ་ན། ལག་བཟངས་འདི་ལ་བྱང་ཆུབ་སེམས་དཔའ་ནི་མདུང་ཐུང་དག་གིསབཟློག་ཀྱང་གང་ཟག་གང་དག་ཐོས་པ་མང་བ། ཐོས་པ་འཛིན་པ། ཐོས་པ་བསྔགས་པ། དོན་ཤེས་པ། བཤད་པ་ཤེས
172b8 དཔྱོད་པ་ཅན། ཇི་ལྟར་ཐོས་པའི་དོན་ལ་ཡོངས་སུ་རྟོག་པ་དེ་དག་ལ་མཉན་ཅིང་སྟེན་ཏེ། སྙན་བཀུར་བྱེད་དོ།། དེ་ཐོས་པའི་ཆེད་དང་། བཤད་པའི་ཆེད་དང་། དོན་གྱི་ཆེད་དང་། དོན་ལ་ཡོངས་སུ་རྟོག་པའི་ཆེད
iiif viewer powered by OpenSeadragon
172a - 173a