e-texts navigator
Collection
Volume
Page
Wylie

171a1 ཅད་ལ་འབྱོར་པ་དང་འབྲལ་བའི་མཚན་མར་ཡིད་ལ་བྱེད་པ་དང་། ནགས་ཆལ་རྨད་དུ་འབྱུང་བ་དང་། ཀུན་དགའ་རབ་རྨང་དུ་བྱུང་བ་དང་། བྲལ་བའི་མཚན་མར་ཡིད་ལ་བྱེད་པས། འཇིག་རྟེན་ཐམས།
171a2 ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་རྫོགས་པར་བྱས་ཏེ་གནས་སོ།། དེ་ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆུང་ངུ་ཁ་དོག་བཟང་པོ་དང་། ཁ་དོག་ངན་པ་རྣམས་ལ་མཚན་མར་ཡི་ད
171a3 ལ་བྱེད་པས་ཟིལ་གྱིས་ནོན་པའི་སྐྱེ་མཆེད་དང་པོ་རྫོགས་པར་བྱས་ཏེ་གནས་སོ། ། དེ་ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཚད་མེད་པ་ཁ་དོག་བཟང་པོ་དང་ཁ་དོག་དྲན་པ་རྣམས་ལ་མཚན་མར་ཡིད
171a4 ལ་བྱེད་པས། ཟིལ་གྱིས་ནོན་པའི་སྐྱེ་མཆེད་གཉིས་པ་རྫོགས་པར་བྱས་ཏེ་གནས་སོ།། དེ་ཤི་བའི་ལུས་བསྲེགས་པ་དེ་ལ་རླུང་དམ་ཆུས་ཐལ་བ་ཡང་མེད་པར་བྱེད་པའི་འདུ་ཤེས་དང་། ཞིགས་པ་ལ་ཕྱེ་མ
171a5 ཡང་མེད་པ་དང་། རྡུལ་དུ་གྱུར་པ་ལ་རྡུལ་ཀྱང་མེད་པའི་འདུ་ཤེས་སུ་རྣམ་པར་འཇིག་པ་བསྒོམས་ཤིང་བསྒྲུབས་ཏེ། ནད་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆུང་དུ་ཁ་དོག་བཟང་པོ་དང་ཁ་དོག
171a6 ངན་པ་རྣམས་ལ་མཚན་མར་ཡིད་ལ་བྱེད་པས། ཟིལ་གྱིས་གནོན་པའི་སྐྱེ་མཆེད་གསུམ་པ་རྫོགས་པར་བྱས་ཏེ་གནས་སོ།། དེ་དེ་བཞིན་དུ་ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོས་གྱིགཟུགས་པ་མེ་པ། ཁ་དོག
171a7 བཟང་པོ་དང་ཁ་དོག་ངན་པ་རྣམས་ལ་མཚན་མར་ཡིད་ལ་བྱེད་པས། ཟིལ་གྱིས་གནོན་པའི་སྐྱེ་མཆེད་བཞི་པ་རྫོགས་པར་བྱས་ཏེ་གནས་སོ།། དེ་དེ་བཞིན་དུ་ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི
171a8 གཟུགས་སྔོན་པོ་ཚད་མེད་པ་ཡིད་དུ་འོང་བ་རྣམས་ལ་མཚན་མར་ཡིད་ལ་བྱེད་ཅིང་ཟིལ་གྱིས་གནོན་པོའི་སྐྱེ་མཆེད་ལྔ་པ་རྫོགས་པར་བྱས་ཏེ་གནས་སོ། ། དེ་དེ་བཞིན་དུ་ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི




iiif viewer powered by OpenSeadragon

170b - 171b

Texts on this page

Q760,26 - 'phags pa lag bzangs kyis zhus pa zhes bya ba theg pa chen po'i mdo