e-texts navigator
Collection
Volume
Page
Wylie

170a1 ལྟ་བུར་ཡིད་ལ་བྱེད་དོ། ། འདོད་པ་རྣམས་ནི་ཉེས་པར་སྤྱད་པ་ཐམས་ཅད་ཀྱི་དངོས་པོ་ཡིན་པ་དང་། ངན་འགྲོ་ལོག་པར་ལྟུང་བ་དང་། སེམས་ཅན་དམྱལ་བའི་མཐའ་ཡིན་པས། འཆ
170a2 བ་ལྟ་བུར་ཡིད་ལ་བྱེད་དོ། ། འདོད་པ་རྣམས་ནི་ངོམས་པར་མི་བྱེད་པ་དང་། སྐོམ་པ་འཕེལ་བར་བྱེད་པའི་ཕྱིར། ཅུ་ལྟ་བུར་ཡིདི་ལ་བྱེད་དོ།། དེ་འདོད་པ་དག་ལས་དབེན་པ་དང་། སྡིག་པ་མི་དགེ་བའི་ཆོས་རྣམས
170a3 ལས་དབེན་པ། རྟོག་པ་དང་བཅས་པ། སྤྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་དང་པོ་རྫོགས་པར་བྱས་ཏེ་གནས་སོ།། དེ་རྟོག་པ་དང་དཔྱོད་པ་དང
170a4 བྲལ་ཞིང་ནད་ཡོངས་སུ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས་རྟོག་པ་མེད་པ། དཔྱོད་པ་མེད་པ། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་གཉིས་པ་རྫོགས་པར་བྱས
170a5 ཏེ་གནས་སོ། ། དེ་དགའ་བའི་འདོད་ཆགས་དང་བྲལ་བས་བཏང་སྙོམས་ལ་གནས་ཤིང་དྲན་པ་དང་། ཤེས་བཞིན་ཅན་ཡིན་ཏེ། བདེ་བ་ལུས་ཀྱིས་མྱོང་ལ། འཕགས་པ་རྣམས་ཀྱིས་གང་དེ་དྲན་པ་དང་ལྡན
170a6 པ་བདེ་བ་ལ་གནས་པ། བཏང་སྙོམས་པའོ།། ཞེས་བརྗོད་པ་སྟེ། བསམ་གཏན་གསུམ་པ་རྫོགས་པར་བྱས་ཏེ་གནས་སོ།། དེ་བདེ་བ་ཡང་སྤངས་ཏེ་སྔ་ནས་སྡུག་བསྔལ་ཡང་སྤངས་ཤིང་། ཡིད་མི་བདེ་བ་དང
170a7 ཡི་འི་པ་ཡང་ནུབ་པས། བདེ་བ་ཡང་བ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ། བཏང་སྙོམས་དང་ལྡན་པ་ཡོངས་སུ་དག་པ་བསམ་གཏན་བནི་བརྟོགས་པར་བྱས་ཏེ་གནས་སོ།། དེམམས་ཅན་ཐམས་ཅད་ལང
170a8 པའི་འདུ་ཤེས་ཡིད་ལ་བྱེད་པས་བྱམས་པ་ཚད་མེད་པ་རྫོགས་པར་བྱས་ཏེ་གནས་སོ། ། དེ་སེམས་ཅན་ཐམས་ཅད་ལ་སྡུག་བསྔལ་བའི་འདུ་ཤེས་ཡིད་ལ་བྱེད་པས། སྙིང་རྗེ་ཚད་མེད་པ་རྫོགས་པར་བྱས་ཏེ་གནས་སོ།




iiif viewer powered by OpenSeadragon

169b - 170b

Texts on this page

Q760,26 - 'phags pa lag bzangs kyis zhus pa zhes bya ba theg pa chen po'i mdo