e-texts navigator
Collection
Volume
Page
Wylie

169b1 གསོས་སྨན་དང་། ཡོ་བྱད་ཇི་ལྟ་བུ་ཡང་རུང་བདག་གིས་ཆོག་ཤེས་ཤིང་གསོ་སྲ་བ་དང་། དགང་སླ་བ་དང་། རིམ་གྲོ་པ་སྲ་བ་དང་། ཆོ་ག་དང་། སྤྱོད་ཡུལ་དགེ་བ་དང་། འདུ་འཛི་ལས་དབེན་པའི་སྤྱོད
169b2 ཡུལ་ཡིན། ཐོབ་པ་དང་མཐོབ་པ་ལ་མཉམ་ཞིང་འགྱུར་བ་མེད་དེ། མཁེངས་མ་རུང་བ་ཡིན། བདེ་བ་དང་། སྡུག་བསྔལ་དང་། བསྟོད་པ་དང་། སྨད་པ་དང་། གྲགས་པ་དང་མ་གྲགས་པ་དང་།
169b3 དང་འཆི་བ་ལ་མཉམ་ཞིང་འགྱུར་བ་མེད་དེ། མཁེངས་མདུད་པ་ཡིན། མཛའ་བོ་དང་དགྲ་དང་། དགེ་བ་དང་མི་དགེ་བ་དང་། ཡིད་དུའོ་ང་བ་དང་། འཐུན་པ་དང་། ཡིད་དུ་མི་འོང་བ་དང་མི་མཐུན་པ་དང་།
169b4 འཕགས་པ་དང་འཕགས་པ་མ་ཡིན་པའི་ཆོས་རྣམ་པ་དང་། དབེན་པ་དང་། ལང་ལོང་རྣམས་ལ་ཡང་མཉམ་ཞིང་འགྱུར་བ་མེད་དེ། མཁེངས་མདུད་པ་ཡིན། གཟུགས་སྡུག་པ་དང་། མི་སྡུག་པ་རྣམས་ལ
169b5 ཡང་འཐུན་པ་དང་མི་འཐུན་པ་མེད་པ་ཡིན། སྒྲ་དང་དྲི་དང་རོ་དང་རེག་བྱ་དང་། ཆོས་སྡུད་པ་དང་། མི་སྡུག་པ་རྣམས་ལ་ཡང་འཐུན་པ་དང་། མི་འཐུན་པ་མེད་པ་ཡིན་ནོ།། དེ་འདོད་པ་རྣམས་ནི་རང་གི་སེམས་ཀྱིས
169b6 ཀུན་ཏུ་བསླང་ནས་ལོག་པར་རྣམ་པར་རྟོག་པས་རོ་མྱང་བ་ཡིན་པས་རྐེང་རུས་ལྟ་བུར་ཡིད་ལ་བྱེད་དོ། ། འདོད་པ་རྣམས་ནི་དགྲ་མེད་པའི་ཕྱིར། ཤ་སྣག་གུ་ལྟ་བུར་ཡིད་འ་བྱེད་དོ།། འདོད་པ་རྣམས་ནི་བླང་ན་སྡུག་བསྔལ་ལ
169b7 ཡོངས་སུ་བཏང་ན་བདེ་བའི་ཕྱིར་རྩཝ་མེ་ལྟ་བུར་ཡིད་ལ་བྱེད་དོ། ། འདོད་པ་རྣམས་ནི་གནོད་པ་མེད་པའི་ཕྱིར་ཤིང་གི་རྩེ་མོའི་ཤིང་ཏོག་ལྟ་བུར་ཡིད་ལ་བྱེད་དོ།། དོད་པ་རྣམས་ནི་དབང་བྱེད་པ་མ་ཡིན་པའི་ཕྱིར་སློང་བ་ལྟ་ཟུར
169b8 ཡིད་ལ་བྱེད་དོ། ། འདོད་པ་རྣམས་ནི་སྐད་ཅིག་ཙམ་ཞིག་ནོར་པས་དགའ་བའི་ཕྱིར་རྨི་ལམ་ལྟ་བུར་ཡིད་ལ་བྱེད་དོ།། འདོད་པ་རྣམས་ནི་སྡུག་བསྔལ་ལ་བདེ་བར་འདུ་ཤེས་པ་བྱིན་ཅི་ལོག་གིས་བསྐྱེད་པའི་ཕྱིར་མཛ




iiif viewer powered by OpenSeadragon

169a - 170a

Texts on this page

Q760,26 - 'phags pa lag bzangs kyis zhus pa zhes bya ba theg pa chen po'i mdo