| | e-texts navigator
|
169a1 ག་ངས་བྱང་ནབསཔས་ས་མན་ན་ས་མ་ཁྱེན་ཡངས་ཚུགས་པ་ན། གས་ང་བྱང་ཆུབསས་མ་དཔའ་ནནཔ་གགས་རྣམཔ་ཐོང་།། མན་།
169a2 འཛི་ཅིང་མངོན་རྟགས་སུ་མི་འཛིན་པ་ཡིན་ཏེ། གང་གི་ཕྱི་མིག་གི་དབང་པོ་སྡོམ་པས་མ་བསྡམས་པར་གནས་པས། འཇིག་རྟེན་ན་བརྣབ་སེམས་དང་། ཡིད་མི་བདེ་བ་དང་། སྡིག་པ་མི་དགེ་བའི་ཆོས་རྣམས་ལ་སེམས
169a3 རྗེས་སུ་ཟག་པ་དེ་དག་བསྡམ་པའི་ཕྱིར་ནན་ཏན་བྱེད་ཅིང་སྲུང་སྟེ། མིག་གི་དབང་པོས་མིག་གི་དབང་པོ་སྡོམ་པར་བྱེད་དོ།། དེ་བཞིན་དུ་རྣ་བས་སྒྲ་རྣམས་ཐོས་པ་དང་། སྣས་དྲི་རྣམས་ཚོང་བ་དང་། ལྕེས་རོ་རྣམས
169a4 མྱོང་བ་དང་། ལུས་ཀྱིས་དེ་། བྱ་རྣམས་ལ་རེག་པ་དང་། ཡིད་ཀྱིས་ཆོས་རྣམས་རྣམ་པར་ཤེས་ནས། མཚན་མར་མི་འཛིན་ཅིང་མངོན་རྟགས་སུ་མི་འཛིན་པ་ཡིན་ཏོ།། གང་གི་ཕྱིར་ཡིད་ཀྱི་དབང་པོ་སྡོམ་པས
169a5 བསྡམས་པར་གནས་པས། འཇིག་རྟེན་ན་བརྣབ་སེམས་དང་། ཡིད་མི་བདེ་བ་དང་། སྡིག་པ་མི་དགེ་བའི་ཆོས་རྣམས་ལ་སེམས་རྗེས་སུ་ཟག་པ་དེ་དག་བསྡམ་བའི་ཕྱིར་ནན་ཏན་བྱེད་ཅིང་སྲུང་སྟེ། ཡིད་ཀྱིས
169a6 དབང་པོས་ཡིད་ཀྱི་དབང་པོ་སྡོམ་པར་བྱེད་དོ། ། དེ་འགྲོའམ། འགྲེང་འམ། འདུག་གམ། ཉལ་ལམ། ཅད་མི་སྨྲ་བར་གྱུར་ཀྱང་། མཉམ་པར་བཞག་པའི་གནས་དང་། ཞི་ག་ནས་ཀྱི་གནས་མི་འདོར་རོ།།
169a7 རྣམ་པར་མི་འགྱུར་རོ།། དེ་ལག་མི་རྒོད་པ་དང་། མུ་ཅོར་མི་སྨྲ་བ་དང་། ཚིག་མི་ས་པ་དང་།། མིག་མི་གཡེང་བ་དང་། དབང་པོ་མི་གཡེང་བ་དང་། མིརྒོད་པ་དང་། ཏོམ་ཅོལ་མེད་པ་དང་། ལུས་འཁྲུལ་པ་མེད་པ་དང
169a8 དགའཁྲུལ་པ་མེད་པ་དང་། སེམས་འཁྲུལ་པ་མེད་པ་དང་། དབེན་ཡང་རུང་། མི་དབེན་ཡང་རུང་། སྤྱོད་ལམ་མི་ཉམས་པ་ཡིན་ནོ།། བཟའ་བ་དང་བཏུང་བ་དང་། མལ་ཆ་དང་སྟན་དང་། གནས་དང་། ན
iiif viewer powered by OpenSeadragon
168b - 169b