| | e-texts navigator
|
168b1 ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིརརོ་ཡོངས་སུ་སྔོ་བར་བྱེད་དོ། ། གལ་ཏེ་བརྩོན་འགྲུས་འདི་མ་ཉམས་པ་དང་། སྐྱོན་མེད་པ་དང་། འདྲེན་མ་ཡིན་པར་སློབ་པའི་ནུས་པ་དང་། མི་ལྡན་པར་གྱུར་ན། དེ
168b2 འདི་ལྟར་ཡང་དག་པར་སློབ་སྟེ། དུས་དུས་སུ་འམ། ཆུང་ཟད་ཆུང་ཟད་དུ་ཡང་སྙམ་ལས་དང་། ལེ་ལོ་སྤང་བ་དང་། དོར་བ་དང་། བརྩལ་བར་བརྩོལ་ལོ།། འབད་དོ།། དུས་དུས་ས་འམ། ཆུང་ཟད་ཆུང་ཟད་དུ་ཡང་བརྩོན
168b3 འགྲུས་དང་། བརྟུལ་བ་ལ་སློབ་པ་དང་། མངོན་པར་འཕེལ་བར་བྱ་བ་དང་། ཡོངས་སུ་རྫོགས་པར་བྱ་བར་བརྩོལ་ལོ།། འབད་དོ།། སྲིད་པ་གཞན་དུ་གྱུར་པ་ན་ཡང་ཞུམ་པར་མི་འགྱུར་ཞིང་། སྒྱིད་ལུག་པར་མི་འགྱུར་རོ།།
168b4 ལག་བཟངས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་དུ་སེམས་བསྐྱེད་པ་དང་། བྱང་ཆུབ་ཀྱི་སེམས་རྗེས་སུ་དྲན་པ་དང་། བྱང་ཆུབ་ཀྱི་སེམས་བསྒོམ་པ་དང་། བྱང་ཆུབ་དུ་སྨོན་པ་དང་། བྱང་ཆུབ་དུ་སྨོན་ལམ་འདེབས
168b5 བ་དང་ཡིན་པ་དེ་ཉིད་དེ་དག་གི་བརྩོན་འགྲུས་དགེ་བ་དང་། རྩོལ་བ་དགེ་བ་གྲངས་མེད་ཅིང་དཔག་ཏུ་མེད་པ་ཡིན་ནོ།། ད་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ལ་ཟག་པ་མེད
168b6 པའི་བརྩོན་འགྲུས་བསྐྱེད་པར་འདོད་པ་དང་། ཟག་པ་མེད་པའི་བརྩོན་འགྲུས་ཡང་དག་པར་སྐྱེད་པར་འདོད་པ་དང་། མི་སློབ་པའི་བརྩོན་འགྲུས་སྐྱེད་པར་འདོད་པ་དང་། ས་སློབ་པའི་བརྩོན་འགྲུས་ཡང་དག་པར་བསྐྱེད
168b7 པར་འདོད་པ་དེ་ནི་བརྩོན་འགྲུས་དགེ་བ་དང་། བརྩོལ་བ་དགེ་བ་ཐམས་ཅད་ཀྱི་མཆོག་ཡིན་ནོ།། དེ་ནི་དམ་པ་ཡིན་ནོ།། ལག་བཟངས་དེ་ལྟར་ན། བྱང་ཆུབ་སེམས་དཔའ་བདེ་བ་དང་ལྡན་ལ་ཡིད་བདེ་བ་དང་ལྡན་ཞིང་ཆགས
168b8 ཆུང་ངུ་དང་། སྡུག་བསྔལ་ཆུང་དུས་མྱུར་དུ་སྐྱེན་པར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ།། བམ་པོ་གཉིས་པ
iiif viewer powered by OpenSeadragon
168a - 169a