| | e-texts navigator
|
166b1 སེམས་ཀྱི་སྐད་ཅིག་ལ། དགེ་བའི་རྩ་བའི་ཕུང་པོ་མཐའ་ཡས་ཤིང་མཐའ་ཡས་པ་གཞི་སྐྱེ་བ་དང་། རྫོགས་པའི་བྱང་ཆུབ་ཀྱི་ཚོགས་ཀྱི་ཕུང་པོ་མཐའ་ཡས་ཤིང་མཐའ་ཡས་པ་བཞི་སྐྱེ་བ་དག་གིས
166b2 རྫོགས་པའི་བྱང་ཆུབ་རྙེད་པར་མི་དཀའ་ན། བདག་གིས་འདིར་སེམས་ཀྱི་སྐད་ཅིག་སེམས་ཀྱི་སྐད་ཅིག་ལ་དགེ་བའི་རྩ་བའི་ཕུང་པོ་མཐའ་ཡས་ཤིང་མཐའ་ཡས་པ་བཞི་དང་། རྫོགས་པའི་བྱང་ཆུབ་ཀྱི་བྱོ་བ
166b3 ཀྱི་ཕུང་པོ་མཐའ་ཡས་ཤིང་མཐའ་ཡས་པ་བཞི་ཡང་དག་པར་རྗེས་སུ་མཐོང་ལ། གནི་དེ་ལས་རྫོགས་པའི་བྱང་ཆུབ་རྙེད་པར་མི་དཀའ་བར་ཡང་དག་པར་རྗེས་སུ་མཐོང་བཞིན་དུ་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར
166b4 བའི་བརྩོན་འགྲུས་སྲོག་གི་ཕྱིར་ཡང་ཅིའི་ཕྱིར་ཉམས་པར་བྱ་སྙམ་མོ། ། རྒྱ་མཚོ་ཆེན་པོ་བཞི་ནི་ཤར་ཕྱོགས་ཀྱི་མཐའ་ཡང་མངོན་ཞིང་མུ་ཡང་མངོན་ལ། ལྷོ་དང་ནུབ་དང་བྱང་དང་། འོག་དང་སྟེང་གི་མཐའ་ཡང་མངོན་ཉི
166b5 ཡ་ཨང་མངོན་ལ་དག་པའི་རྩ་བ་བྱང་ཆུབ་ཀྱི་ཚོགས་ཀྱི་རྒྱ་མཚོ་ཆེན་པོ་མཐའ་ཡས་མུ་མེད་པ་བནི་པོ་དེ་དག་ལ་ནི་མཐའ་ད་མུ་ཡོད་པ་མ་ཡིནན་པདགགས་སེམས་ཀྱི་སྐད་ཅིག་སེམས་ཀྱི་སྐད་ཅིག་ལ་དགེ་བའི་རྩ་བརྒྱ་ཆུབ་གྱི་ཚིག་ཀྱི་རྒྱ་མོ་ཆེན་པོ་བ་ནི་པོ་དྲེལ་ཞི
166b6 ན། ། རྫོགས་པའི་ཆུ་ཐོབ་པར་འགྱུར་བ་ལ་སྲོག་གི་ཕྱིར་ཡང་ཅིའི་ཕྱིར་བརྩོན་འགྲུས་ཉམས་པར་བྱ་སྙམ་མོ།། ལག་བཟངས་གཞན་ཡང་བྱང་ཆུབ་སེམས་དཔའ་འདི་ལྟར་ཡང་དང། པར་སློབ་སྟེ། གང་དག་སེང་གེ
166b7 དང་། སྟག་དང་། ཁྱི་དང་ཅེ་སྤྱང་དང་། བྷརྒོད་དང་། ཁྲུང་ཁྲུད་དང་། བྷ་རོག་དང་། འུག་པ་དང་། སྤྲིན་བུ་དང་། སྤང་མ་དང་། སྤར་བུ་དང་། ཤ་བ་སྤད་དུ་གྱུར་པ་དེ་དག་གིས་ཀྱང་བྱང་ཆུབ་མངོན་པར་རྫོགས
166b8 པ་སངས་རྒྱས་པར་གྱུར་ན། བདག་མེད་གྱུར་བ་བཞིན་དུམིག་གི་བྱེད་ཡང་བྱའི་ཕྱིར་རྫོགས་པའི་བྱང་ཆུབ་རྫོལ་པར་འགྱུར་བའི་བརྩོན་འགྲུས་ཉམས་པར་བྱེ་སྩ་ལ་ལ། ག་སས་གནད་ཀྱི་རུ་ལམ་དཔ
iiif viewer powered by OpenSeadragon
166a - 167a