e-texts navigator
Collection
Volume
Page
Wylie

165b1 ཉིན་མཚན་དུ་སེམས་ཀྱི་སྐད་ཅིག་སེམས་ཀྱི་སྐད་ཅིག་ལ་འཕེལ་བ་དང་རྒྱས་པ་དང་། ཡོངས་སུ་རྟོགས་པར་འགྱུར་ཏེ། སེམས་ཀྱི་སྐད་ཅིག་སེམས་ཀྱི་སྐད་ཅིག་ལ་དགེ་བའི་རྩ་བ་མཐའ་ཡས་ཤིང་མཐའ་ཡས
165b2 པ་དག་སྐྱེ་བ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཕུང་པོ་མཐའ་ཡས་ཤིང་མཐའ་ཡས་པ་དག་སྐྱེ་བས་རྫོགས་པའི་བྱང་ཆུབ་རྙེད་དཀའ་བར་མི་འགྱུར་ན། བདག་གིས་འདིར་སེམས་ཀྱིས་སྐད་ཅིག་སེམས་ཀྱི་སྐད་ཅིག་ལ་དགེ་བའི
165b3 མཐའ་ལས་ཤིང་མཐའ་ཡས་པ་དང་། དགེ་བའི་རྩ་བ་རྒྱས་པར་འགྱུར་བ་མཐའ་ཡས་ཤིང་མཐའ་ཡས་པ་ཡང་དག་པར་རྗེས་སུ་མཐོང་ལ། གཞི་དེ་ལས་རྫོགས་པའི་བྱང་ཆུབ་རྙེད་མེ་དགའབར་ཡང་དག་པར་རྗེས་སུ
165b4 ཡང་འས་བཞིན་དུ། རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར། བརྩོན་འགྲུས་སྲོག་གི་ཕྱིར་ཡང་ཅིའི་ཕྱིར་ཉམས་པར་བྱ་སྙམ་མོ།། ལག་བཟངས་གཞན་ཡང་བྱང་ཆུབ་སེམས་དཔའ་འདི་ལྟར་ཡང་དག་པར་སློབ་སྟེ།
165b5 གང་ཞིག་སེམས་ཅན་གྱི་ཚོགས་མཐའ་ཡས་ཤིང་མཐའ་ཡས་པ་དེའི་རྒ་བའི་སྡུག་བསྔལ་གཅིག་པུ་སྩལ་པ་དང་། གཞོམ་པར་འདོད་པ་དེ་ཡང་སེམས་ཀྱི་སྐད་ཅིག་ལ། དགེ་བའི་རྩ་བ་མཐའ་ཡས་ཤིང་། མཐའ
165b6 ཡས་པ་འཕེལ་ལ་དགེ་བའི་རྩ་བ་མཐའ་ཡས་ཤིང་མཐའ་ཡས་པ་རྒྱས་པར་འགྱུར་ན། གང་ཞིག་སེམས་ཅན་གྱི་ཚོགས་མཐའ་ཡས་ཤིང་མཐའ་ཡས་པ་དེའི་སྐྱེ་བའི་སྡུག་བསྔལ་དང་། འཆི་བའི་སྡུག་བསྔལ
165b7 སྩལ་བར་འདོད་པ་དང་། སྡུག་བསྔལ་བྲལ་བའི་སྡུག་བསྔལ་དང་། མི་སྡུག་པ་དང་ཕྲད་པའི་སྡུག་བསྔལ་དང་། འདོད་པ་མི་འབྱོར་པའི་སྡུག་བསྔལ་དང་། དུད་འགྲོའི་སྐྱེ་གནས་ཀྱི་སྡུག་བསྔལ་དང་། གཤིན
165b8 རྗེའི་འཇིག་རྟེན་གྱི་སྡུག་བསྔལ་དང་། སེམས་ཅན་དམྱལ་བའི་སྡུག་བསྔལ་དང་། གྲད་པའི་སེམས་ཅན་དམྱལ་བའི་སྡུག་བསྔལ་དང་། ཚ་བའི་སེམས་ཅན་དམྱལ་བའི་སྡུག་བསྔལ། བསྩལ་བར་འདོད་པ་ལྟ




iiif viewer powered by OpenSeadragon

165a - 166a

Texts on this page

Q760,26 - 'phags pa lag bzangs kyis zhus pa zhes bya ba theg pa chen po'i mdo