| | e-texts navigator
|
165a1 དགེ་བ་དང་། བཟོད་པ་ཡང་དག་པར་སྒྲུབ་པ་དགེ་བ་གྲངས་མེད་ཅིང་དཔག་ཏུ་མེད་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ། སེམས་ཅན་ཐམས་ཅད་ལ་ཟག་པ་མེད
165a2 པའི་བཟོད་པ་སྐྱེད་པར་འདོད་པ་དང་། མི་སློབ་པའི་བཟོད་པ་སྐྱེད་པར་འདོད་པ་དང་། ཟག་པ་མེད་པའི་བཟོད་པ་ཡང་དག་པར་སྐྱེད་པར་འདོད་པ་དང་། མི་སློབ་པའི་བཟོད་པ་ཡང་དག་པར་སྐྱེད་པར་འདོད་པ་དེ་ནི་བཟོད་པ
165a3 ཀུན་ཏུ་སྤྱོད་པའི་དགེ་པ་དང་། བཟོད་པ་ཡང་དག་པར་སྒྲུབ་པ་དག་པ་ཐམ་མན་ཀྱི་མཆོག་ཡིན་ནོ།། དེ་ནི་དམ་པ་ཡིན་ནོ།། ལག་པོ་ཟངས་དེ་ཀར་ན་བྱང་ཆུབ་སེམས་དཔའ་བདེ་བ་དང་ལྡན་ལ་ཡིད་བདེ་བ་དང་ལྡན་ཞིང་། ཆགས
165a4 ཆུང་ངུ་དང་། སྡུག་བསྔལ་ཆུང་ངུས་མྱུར་དུ་སྐྱེན་པར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ།། ལག་བཟངས་བྱང་ཆུབ་སེམས་དཔའ་ཇི་ལྟར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད
165a5 ཅེ་ན། ལག་བཟངས་འདེ་བྱང་ཆུབ་སེམས་དཔའ་འདི་ལྟར་ཡང་དག་པར་སློབ་སྟེ། ཕྱོགས་བཅུའི་ཕྱོགས་རེ་རེ་ཡང་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་དེ། འཇིག་རྟེན་གྱི་ཁམས་རེ་རེན་ཡང་སེམས་ཅན་མཐའ
165a6 ཡས་སོ། ། དེ་ལྟར་སེམས་ཅན་གྱི་ཆགས་མཐའ་ཡས་ཤིང་མུ་མེད་པ་ལ། མཐའ་ཡོད་པ་མ་ཡིན། མུ་ཡོད་པ་མ་ཡིན་ཏེ། བདག་ནི་སེམས་ཅན་གྱི་ཚོགས་མཐའ་ཡས་ཤིང་མཐའ་ཡས་པ་དེ་ལ་ཕན་པའི་ཕྱིར་གོ་ཆ་བགོས་ལ།
165a7 སེམས་ཅན་གྱི་ཚོགས་མཐའ་ཡས་ཤིང་མཐའ་ཡས་པ་ལ་བདེ་བའི་ཕྱིར་གོ་ཆ་བགོས་ན། སེམས་ཅན་ཐམས་ཅད་ལ་ཕན་པར་དམིགས་པ་མཐའ་ཡས་ཤིང་མཐའ་ཡས་པ་དང་། སེམས
165a8 ཅན་ཐམས་ཅད་ལ་བདེ་བ་དམིགས་པ་མཐའ་ཡས་ཤིང་། མཐའ་ཡས་པའི་དགེ་པའི་རྩ་བ་མཐའ་ཡས་པ་དག་པག་མད་པར་གྱུར་ཏམ། སེམས་གཞན་དུ་ཐུབ་མ། ཉིད་ཀྱིས་ལག་ཅ
iiif viewer powered by OpenSeadragon
164b - 165b