| | e-texts navigator
|
164b1 ཐམས་ཅད་ཐམས་ཅད་མཁྱེན་པ་ཉིད་བྱམས་ཀྱི་མག་ཟབ་པར་བྱ་བའི་ཕྱིར་བཟད་ཅིང་དང་དུལན་ཏ། ། དེ་བཟད་པ་འདི་དག་དང་། དྲིམ་སྙམ་པ་འདི་དག་མང་ན་སུམ་དུ་བྱ་བར་འདོད་པ་དང་། ཡིད་ལ་བྱ་བར་འདོད་པ་ན་དུ།
164b2 སེམས་ཅན་ཐམས་ཅད་དགྲལ་བ་དང་། སེམས་ཅན་ཐམས་ཅད་དཀྲོལ་བ་དང་། སེམས་ཅན་ཐམས་ཅད་དབུགས་དབྱུང་བ་དང་། ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས
164b3 པར་བྱ་བའི་ཕྱིར་ཡོངས་སུ་བསྔོ་བར་བྱེད་དོ། ། མངོན་གསུམ་དུ་བྱེད་པ་དང་། ཡིད་ལ་བྱེད་པ་དང་། མངོན་གསུམ་དུ་བྱས་པ་དང་། ཡིད་ལ་བྱས་ནས་ཀྱང་། སེམས་ཅན་ཐམས་ཅད་སྦལ་བ་དང་། སེམས་ཅན་ཐམས་ཅད
164b4 དཀྲོལ་བ་དང་། སེམས་ཅན་ཐམས་ཅད་དབུགས་དབྱུང་བ་དང་། ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོ་བར་བྱེད་དོ།།
164b5 གལ་ཏེ་བཟོད་པ་འདི་དག་དང་། དེ་མི་སྙམ་པ་འདི་དག་མ་ཉམས་པ་དང་། སྐྱོན་མེད་པ་དང་། འདྲེན་པ་མ་ཡིན་པར་སློབ་པའི་ནུས་པ་དང་། མི་ལྡན་པར་གྱུར་ན། དེ་འདི་ལྟར་ཡང་དག་པར་སློབ་སྟེ། དུས་དུས་སུ་འམ།
164b6 ཆུང་ཟད་ཆུང་ཟད་དུ་ཡང་མི་བཟོད་པ་དང་། ཇི་སྙམ་པར་མི་བྱེད་པ་སྤང་བ་དང་། དོར་བ་དང་བསུལ་བར་རྩོལ་ལོ།། འབད་དོ།། དུས་དུས་སུ་འམ། ཆུང་ཟད་ཆུང་ཟད་དུ་ཡང་བཟོད་པ་དང་། ཇི་མི་སྙམ་པ་ལ་སློབ་པ་དང་།
164b7 མངོན་པར་འཕེལ་བར་བྱ་བ་དང་། ཡོངས་སུ་རྫོགས་པར་བྱ་བར་རྩོལ་ལོ།། འབད་དོ།། སྲིད་པ་གཞན་དུ་གྱུར་པ་ན་ཡང་ཞུམ་པར་མི་འགྱུར་ཞིང་སྒྱིང་ལུག་པར་མི་འགྱུར་རོ།། ལག་བཟངས་བྱང་ཆུབ་སེམས་དཔའ་རྣམ
164b8 ཀྱི་བྱང་ཆུབ་དུ་སེམས་བསྐྱེད་པ་དང་། བྱང་ཆུབ་ཀྱི་སེམས་རྗེས་སུ་དྲན་པ་དང་། བྱང་ཆུབ་ཀྱི་སེམས་བསྒོམ་པ་དང་། བྱང་ཆུབ་དུ་སྨོན་པ་དང་། བྱང་ཆུབ་དུ་སྨོན་ལམ་འདེབས་པ་གང་ཡིན་པ་དེ་ཉིད་དེ་དག་གི་བཟོད་པ་ཀུན་ཏུ་སྤྱོད་པ
iiif viewer powered by OpenSeadragon
164a - 165a