| | e-texts navigator
|
163b1 ལ་སར་གནོད་པ་དང་། སྐང་ཁྲོ་བ་དང་། གར་གཉེར་ཤིང་ཁོན་དུ་བཟུང་བར་བྱསྙས་སོ།། ལག་བཟངས་གཞན་ཡང་བྱང་ཆུབ་སེམས་དཔའ་འདི་ལྟར་ཡང་དག་པར་སློབ་སྟེ།། གང་བདག་གཅིག་ཅ
163b2 དོན་འདོད་པ་དང་། བདག་གཅིག་བྲལ་ཕན་པར་འདོད་པས། གཞན་དག་ལ་ཕྱིར་གནོད་པ་བྱེད་ཅིང་། ཕྱིར་ཁྲོ་སྟེ་ཤར་གཉེར་ཞིང་ཁོན་ཏུ་འཛིན་པ་དེ་ཡང་མི་རིགས་ཏེ་ཆ་མ་ཡིན་ན། བདག་འཇིག་རྟེན
163b3 ཐམས་ཅད་ཀྱི་དོན་འདོད་པ། འཇིག་རྟེན་ཐམས་ཅད་ལ་ཕན་པར་འདོད་པ། གོ་ཆ་ཆེན་པོ་བགོས་པ། ཡི་དམ་བཅས་པ་ཆེན་པོས་ཡི་དམ་བཅས་པ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ། སངས
163b4 རྒྱས་ཀྱི་ཆོས་རྒྱ་ཆེན་པོ་ཡོངས་སུ་བསྐང་བར་འདོད་པ། ལྟ་ལ་སྤོས་ཀྱང་ཅི་བགོས་ཏེ། མི་བཟོད་པ་དང་། ཕྱིང་གནོད་པ་བྱེད་པ་དང་། ཕྱིར་ཁྲོ་བ་དང་། ཤར་གཉེར་ཞིང་ཁོན་ཏུ་འཛིན་པས་ནི་སངས་རྒྱས་ཀྱི
163b5 འདི་དག་ལ་སོགས་པ་དང་། འཕེལ་བ་དང་ཡོངས་སུ་རྫོགས་པར་མི་འགྱུར་གྱི།། བཟོད་པ་དང་ཕྱིར་གནོད་པ་མི་བྱེད་པ་དང་། ཕྱི་ནི་ཁྲོ་བ་དང་། ཤར་གཉེར་ཞིང་ཁོན་ཏུ་འཛིན་པ་མི་བྱེད་པས། སངས
163b6 རྒྱས་ཀྱི་ཆོས་འདི་དག་སྩོགས་ཤིང་འཕེལ་ལ། ཡོངས་སུ་རྫོགས་པར་འགྱུར་སྙམ་མོ།། ལག་བཟངས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་སངས་རྒྱས་ཀྱི་ཆོས་ཡོངས་སུ་བསྐང་བར་འདོད་པས། མནར
163b7 མེད་པའི་སྡུག་བསྔལ་གྱི་རེག་པས་རེག་ཀྱང་། གཞན་དག་ལ་སླར་གནོད་པ་མི་བྱ། སྦར་ཁྲོ་བར་མི་བྱ། ཤར་གཉེར་ཞིང་ཁོན་དུ་གཟུང་བར་མི་བྱ་ན། མིའི་སྡུག་བསྔལ་གྱིས་རེག་པས་ལྟ་མས
163b8 ཀྱང་ཅི་དགོས། དེ་སྤྲོས་སམ། བརྒྱད་དམ་སྨད་དམ། མི་སྙན་པ་བྱས་ཀྱང་། བྱམས་པའི་སེམས་དང་། སྙིང་རྗེའི་སེམས་དང་། དེ་བཞིན་གཤེགས་པའི་ཐུགས་ཤིན་ཏུ་དྲི་མ་མེད་ཅིང་། དག་ལ་དཀར
iiif viewer powered by OpenSeadragon
163a - 164a