| | e-texts navigator
|
340b1 བརྙན་རྣམས་དེར་སྣང་ཞིང་འཕེལ་བ་དང་འགྲིབ་པ་མེད་ཀྱང་མེ་ལོང་གི་དཀྱིལ་འའ་ང་བདག་གིས་གཟུགས་བརྙན་རྣམ་པ་སྣ་ཚོགས་འདི་དག་སྟོན་པར་བྱེད་དེ་ནས་མས་པས་ཡོད་ཀྱི། འོད་ཀྱང་མེ་ལོང་གི་དཀྱིལ་འཁོར་དེ་བཞིན་དུ་ལེགས་པར་བྱིང
340b2 བྱས་གཟུགས་བརྙན་གྱི་རྣམ་པ་ཐམས་ཅད་རང་གི་ངང་གིས་རབ་ཏུ་སྣང་བར་འགྱུར་རོ། ། དེ་བཞིན་བྱང་ཆུབ་སེམས་དཔའ་ཡང་ཆོས་ཀྱི་དབྱིངས་ཀྱི་མེ་ལོང་གི་དཀྱིལ་འཁོར་ཤིན་དུ་ལེགས་པར་བྱི་ངོར་བྱས་པས་རྩོལ་བ་མེད་པའི་ཏིང་ངེ་འཛིན་ལ
340b3 ག་ནས་ནས་སེམས་ཅན་རྣམས་ཀྱི་སེམས་ཀྱི་སྤྱོད་པའི་བྱེ་བྲག་ཇི་ལྟ་བ་བཞིན་དུ་ཆོས་ཀྱི་སྒོམ་བརྒྱ་སྟོང་དུ་མ་རྣམ་པར་བྱ་སྟེ་བསྟན་ནས་དེ་དག་ཐམས་ཅད་རབ་ཏུ་རྟོགས་ཤིང་རྣམ་པར་གྲོལ་བ་ཐོབ་པར་བྱས་ཀྱང་ཆོས་ཀྱི་མཚན་མ་དང་སེམས
340b4 ཅན་གྱི་མཚན་མ་སྐྱེད་པར་མི་བྱེད་དོ། ། དེ་ཅིའི་ཕྱིར་ཞེ་ན་བྱང་ཆུབ་སེམས་དཔའ་འདིས་ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་ཤིན་དུ་ལེགས་པར་རྟོགས་པའི་ཕྱིར་དང་། སྤྱོད་པ་བཞི་པོ་འདི་དག་དང་མཚུངས་པར་ལྡན་པའི་སེམས་ཅན་གང་ཡིན་པ་དེ་དག་ཡང་།
340b5 དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་རྟོགས་པས་དེ་དག་གི་དབང་པོ་དང་། རང་བཞིན་ཇི་ལྟ་བ་བཞིན་དུ་ཆོས་སྟོན་པར་བྱེད་ཀྱང་ཆོས་ཀྱི་དབྱིངས་དང་། སེམས་ཅན་གྱི་ཁམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་པར་བྱེད་པས་གཉིས་སུ་འགྱུར་བའི
340b6 མཚན་ཉིད་ཀྱང་མེད་དོ། ། ཆོས་ཀྱི་དབྱིངས་དང་། སེམས་ཅན་གྱི་ཁམས་ཇི་སྙེད་པ་དེ་དག་གཉིས་སུ་མེད་ཅིང་ཐ་དད་པ་མེད་པར་གསལ་བར་མཐོང་བའི་ཕྱིར་རོ།། སྲོག་ཐོབ་འདི་ལྟ་སྟེ་དཔེར་ན་ནམ་མཁས་ལ་ནི་ཐ་དད་པ་རྣམ་པ་སྣ་ཚོགས་ཀྱི
340b7 མཚན་མ་ཡང་མེད་ལ་རྣམ་པར་གཞག་པ་ཡ་མེད་དོ། ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཆོས་ཀྱི་དབྱིངས་ཤིན་དུ་ལེགས་པར་སོ་སོར་བརྟགས་ནས་ཆོས་ཐམས་ཅད་མཚན་ཉིད་གཅིག་ཏུ་འཇུག་པར་རྟོགས་པ་དང་། སྔོན་གྱི་སྨོན
340b8 ལམ་གྱི་མཐུས་སེམས་ཅན་གྱི་སྤྱོད་པ་ཇི་ལྟ་བ་བཞིན་དུ་ཆོས་རྣམ་པ་སྣ་ཚོགས་སྟོན་པར་བྱེད་ཀྱང་ཆོས་ཀྱི་དབྱིངས་ལ་ནི་ཐ་དད་དུ་གྱུར་པ་མེད་དོ། ། གློག་ཐོབ་ཆ་མཉམ་པའི་སྤྱོད་པ་འདི་ལ་ཉི་ཁྲི་ཚིག་སྟོང་ཡོད་པ་དང་། སྤྱོད་པ་གཞན་གཏོགས
iiif viewer powered by OpenSeadragon
340a - 341a