| | e-texts navigator
|
336b1 པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་སྨིན་པར་བྱེད་པ་ཡང་ཡོད་དོ། ། སེམས་ཅན་བཅིག་ནི་བུད་མེད་མཐང་པན་མངོན་པར་ཞིན་པ་སྐྱེས་པ་མེད་ཀྱང་ཕྱིས་ཡིད་ལ་དྲན་པའི་དབང་གིས་འདོད་ཆགས་ཀྱི་སེམས་སྐྱེས་ནས་དེའི་ཁདོག་དང
336b2 དབྱིབས་ཡིད་ལ་བྱས་ནས་རྗེས་སུ་ཆགས་པ་སྐྱེ་བར་འགྱུར་བ་ཡང་ཡོད་དོ། ། སེམས་ཅན་པཅིག་ནི་རྨིལ་མ་ན་གཟུགས་ཡིད་དུ་འོང་བ་རྣམས་མཐོང་བའི་དབང་གིས་འདོད་ཆགས་ཀྱི་མངོན་པར་ཞེན་པ་སྐྱེས་ནས་ཡིད་ལ་བྱེད་ཅིང་ཡོངས་སུ་གཉེར་བར
336b3 བྱེད་པ་ཡང་ཡོད་དོ། ། སེམས་ཅན་ཁ་ཅིག་ནི་བུད་མེད་ཀྱི་སྒྲ་ཐོས་པ་ཙམ་གྱིས་འདོད་ཆགས་ཀྱི་སྲེད་པ་སྐྱེད་པར་བྱེད་ལ། རེས་འགའ་ནི་མཐོང་པ་ཙམ་གྱིས་འདོད་ཆགས་ཀྱི་སེམས་དང་བྲལ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས
336b4 སུ་སྨིན་པར་བྱེད་པ་ཡང་ཡོད་པས་དེའི་ཕྱིར་གློག་ཐོབ་བྱང་ཆུབ་སེམས་དཔའ་ནི་འདོད་ཆགས་ཀྱི་ནད་རྣམ་པ་སྣ་ཚོགས་གང་ཡིན་པ་དང་། འདོད་ཆགས་ཀྱི་སྨན་གང་ཡིན་པ་དེ་དག་ཐབས་མཁས་པས་ལེགས་པར་ཁོང་དུ་ཆུད་ཀྱང་ཆོས་ཀྱི་དབྱིངས་ལ་གཉིས
336b5 སུ་འཛིན་པའི་མཚན་མ་ཡང་མེད་ལ། ཆོས་ཀྱི་དབྱིངས་ལ་རྨོངས་པར་གྱུར་པའི་སེམས་ཅན་དེ་དག་ཡང་སྙིང་རྗེ་ཆེན་པོ་སྐྱེད་པར་བྱེད་དོ།། གློགཐོབ་འདོད་ཆགས་དང་ནེ་ལྔ་དང་། གཏི་མུག་ཅེས་བྱ་བ་དང་། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཞེས་བྱ་བའི་ཆོས
336b6 རླུང་ཟད་ཙམ་ཡང་དམིགས་སུ་མེད་པས་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་བདག་གིས་མཐོང་བ་ལྟར་ན་སེམས་ཅན་རྣམས་ནི་མཚན་མ་མེད་པ། རང་བཞིན་གྱིས་སྟོང་ཞིང་དབེན་པ། བཏགས་པ་ཙམ་དུ་རྣམ་པར་གཞག་པ་ཚོགས་ཤིང་འདུས་པའི་ཆོས
336b7 འདི་ལ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་སྐྱེད་པར་བྱེད་པས་བདག་གིས་འདི་དག་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་བརྟགས་ནས་འདོད་ཆགས་ཀྱིས་རྨོངས་པར་གྱུར་པའི་སེམས་ཅན་དེ་དག་གི་ཆེད་དུ་སྙིང་རྗེ་ཆེན་པོ་ལ་གནས་ནས་སྔོན་གྱི་སྨོན་ལམ
336b8 ཡོངས་སུ་རྫོགས་པར་བྱེད་དོ། ། ཆོས་ཀྱི་དབྱིངས་ལས་མ་གཡོས་པར་རྩོལ་བ་མེད་པའི་ཡེ་ཤེས་ཀྱིས་ཡོངས་སུ་སྨིན་པར་བྱའོ་སྙམ་དུ་སེམས་སོ།། སྐྱེས་པ་གང་ཞིག་བུད་མེད་དག་ལ་ཡང་དག་པ་མ་ཡིན་པས་སྡུག་པའི་འདུ་ཤེས་བསྐྱེད་ནས་འདོད
iiif viewer powered by OpenSeadragon
336a - 337a