e-texts navigator
Collection
Volume
Page
Wylie

296b1 གྱིས་སྡིག་པའི་ལྟ་བར་ལྷུང་བ་ངན་པའི་སེམས་སྐྱེས་སོ། ། དགེ་སློང་མགོ་རོག་འདི་ངའི་སྟེང་ནས་སུམ་བཅུ་རྩ་གསུམ་གྱི་ལྷའི་འཇིག་རྟེན་གྱི་གནས་སུ་གཤེགས་པར་འགྱུར་རོ།། འདི་ནི་དེ་ལྟར་ནས་ངའི་མགོ་བོ་ལ་རྐང་པའི་རྡུལ
296b2 མགོ་བའི་སྟེང་དུ་ལྟུང་བར་བྱེད་པས་འགྲོ་དྲ་མི་སྟེ་ར་སྙམ་སྟེ། ལངས་ནས་རི་རབ་ཀྱི་རྩ་བར་སོང་ངོ་།། རང་གི་གཟུགས་བོར་ཏིར་བ་མཆོག་རབ་སྟེང་འོག་ཐམས་ཅད་རང་གི་ལུས་ཀྱིས་ལན་བདུན་དུ་བཀྲིས་ནས། སྟེང་དུ་གདེངས་ཀ་བྱས་ཏེ།
296b3 སུམ་བཅུ་རྩ་གསུམ་པ་རྣམས་ཀྱིས་མི་མཐོང་བར་བྱས་པའི་ཕྱིར་རོ།། དེ་ནས་ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་སྔར་བཞིན་གནས་འདིའི་ཕྱོགས་སུ་འདུག་ནས
296b4 མཆོག་རབ་མཐོང་ངོ་། ། རིབ་མཆོག་རབ་འཁོར་དང་བཅས་པ་མཐོང་།། སུམ་བཅུ་རྩ་གསུམ་མཐོང་ངོ་།། རྣམ་པར་རྒྱལ་བའི་ཁང་བཟང་མཐོང་ངོ་།། རྣམ་པར་རྒྱལ་བའི་ཁང་བབང་གི་སྟེང་གི་རྒྱལ་མཚན་མཐོང་ངོ་།། བཙུན་པ
296b5 ཅིའི་རྒྱུ་ཅིའི་རྐྱེན་ལགས། ད་ནི་རི་བོ་མཆོག་རབ་མི་མཐོང་བར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡུལ་འཁོར་སྐྱོང་འདི་ནི་ཀླུའི་རྒྱལ་པོ་དགའ་བོ་ཉེར་དགའ་ཞེས་བྱ་བ་ཁྱོད་རྣམས་ལ་ཁྲོས་པར་གྱུར་ཏེ། རི
296b6 མཆོག་རབ་ལན་བདུན་དུ་ལུས་ཀྱིས་བཀྲིས་ནས་སྟེང་དུ་གདེང་ས་ཀས་བསྒྲིབས་སོ། ། མུན་པ་མུན་ནག་ཏུ་བྱས་ནས་གནས་སོ།། གསོལ་བ། བཙུན་པ་བདག་གིས་གདུལ་བར་བགྱི་བ་འམ། བཅོམ་ལྡན་འདས
296b7 ཀྱིས་གནང་བ་མ་བྱིན་ནོ། ། དེ་ནས་ཚེ་དང་ལྡན་པ་བཟང་ལྡན་དང་། ཚེ་དང་ལྡན་པ་སྐྲག་ཅན་འཛིན་ཏེ། གོ་རིམས་བཞིན་དུ་དགེ་སློང་ཐམས་ཅད་ཀྱིས་ཞུས་སོ།། བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་བ་མ་བྱིན་ནོ།། ཐམས
296b8 ཅད་ཀྱི་རྗེས་སུ་གནས་བརྟན་ཆེན་པོ་མཽད་གལ་གྱི་བུས་བཙུན་པ་བདག་གིས་གདུལ་བར་བགྱིའམ་ཞེས་ཞུས་པ་དང་། མཽད་གལ་གྱི་བུ་ཐུལ་ཅིག་ཅེས་བཅོམ་ལྡན་འདས་ཀྱིས་གནང་བ་བྱིན་ནོ།། གནས་བརྟན་རང་གི་ལུས་བོར་ལ




iiif viewer powered by OpenSeadragon

296a - 297a

Texts on this page

Q755 - klu'i rgyal po dga' bo nyer dga' 'dul ba'i mdo