| | e-texts navigator
|
294a1 ན། དགེ་སློང་ཀུན་དགའ་བོ་འདི་ནི་དགོན་པ་འམ། ཤང་དྲུང་ངམ། ཁང་སྟོང་དུ་སོང་སྟེ་འདི་རྣམས་སོ་སོར་བརྟག་པར་བྱའོ།། ལུས་འདི་ན་སྡུག་བསྔལ་མང་བ་དང་། བར་དུ་གཅོད་པ་མང་བ་སྟེ། ལུས་འདི་ལ་ང
294a2 པདུ་མའི་ནད་འབྱུང་ངོ་། ། འདི་ལྟ་སྟེ། མིག་གིན་དང་། རྣ་བའི་ནད་དང་། སྣའི་ནད་དང་། ལྕེ་ནིད་དང་། ལུས་ཀྱི་ན་དང་། མགོ་བོའི་ནད་དང་། རྣ་བའི་ནང་ཤིན་དང་། ཁ་ན་དང་། སོ་ནི་དང་། གློ་དང་། དབུགས་མི་བདེ་བདང
294a3 བི་ན་སོའི་ནད་དང་། ཚ་རིམས་དང་། ལྟོ་བའི་ནད་དང་། བརྒྱལ་བ་དང་། གཞོག་བྱེད་ན་པ་དང་། གཟེར་བ་དང་། གསུང་བ་དང་། མཛེ་དང་། ཤའབྲས་དང་། འབྲུམ་བུ་ཕྲ་མོ་དང་། གཅོད་ནད་དང་། བརྗེད་བྱེད་ཀྱི་ནད་དང་། བས་ལྤགས
294a4 དང་། གཡན་པ་དང་། ལས་ཟབ་དང་། ར་ཤྭས་དང་། བི་ཙར་རྩིཀ་དང་། ཁྲག་མཁྲིས་དང་། མ་དྷུ་མ་ཧ་དང་། ཨེ་ག་དང་། སིལ་ཀ་དང་། མཚན་མར་རྡོལ་བ་དང་། མཁྲིས་པ་འཁྲུགས་པའི་ནང་དང་། བད་ཀན་འཁྲུགས་པའི་ནང
294a5 དང་། རླུང་འཁྲུགས་པའི་ནད་དང་། འདུས་པའི་ནད་དང་། དུས་སུ་ཟས་ཡི་ཁར་མི་འོང་བའི་ནད་དང་། མི་མཉམ་པའི་ནད་འཁྲུགས་པ་དང་། ཨ་ཨུ་བ་ཀ་མྲི་ཀའི་ནང་དང་། ལས་ཀྱི་རྣམ་པར་སྨིན་པའི་ནད་དང་། གྲང་བ་དང་། དྲོ་བ་དང་། བཀྲེས
294a6 པ་དང་། སྐོམ་པ་དང་། འཁྲུ་བ་དང་། ཆུ་ནད་དེ། ལུས་ཀྱི་ནད་འདི་རྣམས་ནི་བར་དུ་གཅོད་པར་བལྟ་ཞིང་བསྒོམ་པར་བྱའོ།། ཀུན་དགའ་བོ་འདི་ནི་བར་དུ་གཅོད་པར་བསྟན་པ་བྱའོ།། ཀུན་དགའ་བོ་སྤོང་བའི་འདུ་ཤེས་རྣམས་དུ་ཞེ་ན།
294a7 དགེ་སློང་ཀུན་དགའ་བོ་འདི་ནི་འདོད་པ་ལས་སྐྱེས་པ་སྟེ། མི་གནས་པར་དོར་བར་བྱའོ།། རྣམ་པར་གཞིག་པ་དང་། གོམས་པར་མི་བྱེད་པ་དང་། མི་སྒོམ་པར་འགྲོ་བ་དང་། རྣམ་པར་འཚེ་བའི་རྣམ་རྟོག་ལས་སྐྱེས་པ་དང
294a8 མི་གནས་པ་སྟེ་དོར་བར་བྱའོ། ། རྣམ་པར་གཞིག་པ་དང་། གོམས་པར་མི་བྱེད་པ་དང་། མི་སྒོམ་པར་འགྲོ་བ་སྟེ་སྐྱེ་ནིང་སྐྱེས་པའི་སྡིག་པ་མི་དགེ་བའི་ཆོས་མི་གནས་པ་སྟེ་དོར་བར་བྱའོ།། རྣམ་པར་གཞག་པ་དང་། གོམས་པར
iiif viewer powered by OpenSeadragon
293b - 294b