| | e-texts navigator
|
293b1 པར་བྱའོ། ། གཟུགས་མི་རྟག་པ་དང་། ཚོར་བ་མི་རྟག་པ་དང་། འདུ་ཤེས་མི་རྟག་པ་དང་། འདྲ་བྱེད་མི་རྟག་པ་དང་། རྣམ་པར་ཤེས་པ་མི་རྟག་པ་སྟེ། འདི་རྣམས་ལ་ཉེ་བར་ལེན་པའི་ཕྲེང་པོ་ལྔ་པོ་མ་རྟག་པ་ག་པར་བྱའོ།། དལ་མི་རྟག་པ།
293b2 འདྲ་ཤེས་སྟོན་ཅིག། ཀུན་དགའ་བོ་བདག་མེད་པའི་འདྲ་ཤེས་སུ་ཞེ་ན། འདོ་ན་དགེ་སློང་ཀུན་དགའ་བོ། དགོན་པའམ། ཤིང་དྲུང་ངམ། ཁང་བསོད་པར་སོང་ལ་འདི་ནི་སོ་སོར་རིག་པར་བྱའོ།། མིག་བདག་མེད་པ་དང་། གཟས
293b3 བདག་མེད་པ་དང་། རྣབ་བདག་མེད་པ་དང་། སྒྲ་བདག་མེད་པ་དང་། སྣ་བདག་མེད་པ་དང་། དྲི་བདག་མེད་པ་དང་། ལྕེ་བདག་མེད་པ་དང་། རོ་བདག་མེད་པ་དང་། ལུས་བདག་མེད་པ་དང་། རེག་བྱ་བདག་མེད་པ་དང་། ཡིད
293b4 བདག་མེད་པ་དང་། ཆོས་བདག་མེད་པ་སྟེ། འདི་རྣམས་ནི་ནང་གི་དྲུག་དང་ཕྱིའི་སྐྱེ་མཆེད་དྲུག་བདག་མེད་པའོ།། བདག་མེད་པ་ལ་ལྟ་ཞིང་བསམ་པར་བྱའོ།། ཀུན་དགའ་བོ་བདག་མེད་པ་འདི་རྣམས་སྟོན་ཅིག། ཀུན་དགའ་བོ
293b5 མི་གཙང་བའི་འདུ་ཤེས་ནི། དགེ་སློང་ཀུན་དགའ་བོ་འདི་ན་ལུས་འདི་ཉིད་ལ་སྤྱི་གཙུག་ནས་འོག་ག་རྐང་ཟིལ་གྱི་བར་བྱེ། ལྤགས་པའི་ཕྱེ་ཤུན་གྱི་བར་གང་བར་རྣམ་པ་སྣ་ཚོགས་པའི་མེ་གཙང་བ་སོ་སོར་བརྟག་པར་བྱའོ།། ལུས།
293b6 འདི་ལ་སྐྲ་དང་། བ་སྤུ་དང་། སེར་མོ་དང་། སོ་དང་། ལྤགས་པའི་ཕྱེ་ཤུན་དང་། ཤ་དང་། ཆུབ་དང་། རུས་པ་དང་། རྐང་མར་དང་། མཁལ་མ་དང་། སྙིད་དང་། མཚེར་བ་དང་། གློ་བ་དང་། སུལ་མངས་དང་། ཕོ་བདང
293b7 རྒྱས་དང་། རྒྱུ་མའི་གཉེམ་དང་། ལྒང་པ་དང་། ཆུག་པ་དང་། མཁྲིས་པ་དང་། བད་ཀན་དང་། ཚིགས་དང་། ཁྲག་དང་། རྡུལ་དང་། ཚིལ་དང་། མཆི་མ་དང་། ཞག་དང་། མཆིལ་མ་དང་། སྣབས་དང་།
293b8 སེཾ་དང་། གཏན་དང་། སྤང་བ་སྟེ་ཐེ་གསང་པ་རྫས་སུམ་བཅུ་རྩ་གཉིས་སོ།། ལུས་འདིལ་མི་གཙང་བ་མ་པར་བྱའོ།། ཀུན་དགའ་བོ་མེགས་བ་འདི་རྣམས་བསྟན་པར་བྱས་ཤིག། ཀུན་དགའ་བོ་བར་དྲུ་གསོད་པ་རྣམས་།
iiif viewer powered by OpenSeadragon
293a - 294a