| | e-texts navigator
|
293a1 རྒྱ་གར་སྐད་དུ། གེ་རེ་ཨཱནནད་སྱཱ་ཛ། བོད་ས་དང་། རིའི་ཀུན་དགའ་བོའི་མདོ།། འཕགས་པ་དཀོན་མཆོག་གསུམ་ལ་གུས་པས་ཕྱག་འཚལ་ལོ།། འདི་སྐད་བདག་གས་ཐོས་པ་དྲས་གཅིག་ན། བཅོམ་ལྡ
293a2 འདས་མཉན་ཡོད་རྒྱལ་བྱེད་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། ། དེའི་ཚེ་དེའི་དུས་ན་ཚེ་དང་ལྡན་པ་རིའི་ཀུན་དགའ་བོ་ནད་དམ་པོ་སུགས་ལ་བས་གཟིར་ཏོ།། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས
293a3 གལ་བ་དེར་སོང་ཤིང་ཉེ་བར་སོང་ནས་བཅོམ་ལྡན་འདས་ལ་ཕྱག་བྱས་ནས་ཕྱོགས་ཏུ་དུ་གཅིགས་ད་གནས་ཡང་ང་བན་བཀུན་ད་ངོས་སེཾམ་ལྡན་དས་འདི་སྐད་ཅེས་གསོལ་ཏོ། ། བཙུན་པ་ཚེ་དང་ལྡན་པདེའི་ཀུན་དགའ་བོན་དང་།
293a4 པོས་སྡུག་བསྔལ་བས་གཟིར་ཏོ།། བཙུན་པ་བཅོམ་ལྡན་འདས་ལེགས་པར་མཛད་དུ་གསོལ།། དགེ་སློང་ཚེ་དང་ལྡན་པ་རིའི་ཀུན་དགའ་བོ་ག་ལ་བ་དེར་གཤེགས་ལ་རྗེས་སུ་བརྩེ་བས་གཤེགས་པར་བྱ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ
293a5 དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། དེར་ཡང་ཀུན་དགའ་བོ་ཁྱོད་དགེ་སློང་རིའི་ཀུན་དགའ་བོའི་ཐད་དུ་སོང་ལ་འདུ་ཤེས་བཅུ་བཤད་པར་གྱིས་ཤིག། རྣམ་པར་ཤེས་པ་དང་ལྡན་པའི་གནས་སུ་སྨྲ་བར་གྱིས་ཤིག། གཞན་ཡང
293a6 དགེ་སློང་རིའི་ཀུན་དགའ་བོས་འདུ་ཤེས་བཅུ་ཐོས་ནས་ནད་ཀྱིས་གཟིར་བའི་གནས་རྣམས་ལ་སོ་སོར་རིག་པར་འགྱུར་རོ། ། བཅུ་གང་ཞེ་ན། སི་རྟག་པའི་འདུ་ཤེས་དང་། བདག་མེད་པའི་འདུ་ཤེས་དང་། མི་གཙང་བའི་འདུ་ཤེས་དང་།
293a7 བར་དུ་གཅོད་པའི་འདུ་ཤེས་དང་། སྤོང་བའི་འདུ་ཤེས་དང་། འདོད་ཆགས་དང་བྲལ་བའི་འདུ་ཤེས་དང་། འགོག་པའི་འདུ་ཤེས་དང་། འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་དང་། འདུ་བྱེད་ཐམས་ཅད་ལ་མི
293a8 རྟག་པའི་འདུ་ཤེས་དང་། འབྱུང་བ་དང་རྔུབ་པ་རྗེས་སུ་དྲན་པའི་འདུ་ཤེས་སོ།། མེ་རྟག་པའི་འདུ་ཤེས་དུ་ཞེ་ན། འདི་ནི་ཚེ་དང་ལྡན་པ་ཀུན་དགའ་བོ། དགོན་པའམ། ཤིང་དྲུང་དམ། ཁང་པ་སྟོང་པར་སོང་ལ། འདི་ན་སོ་སོར་རིག
iiif viewer powered by OpenSeadragon
292b - 293b