| | e-texts navigator
|
291b1 པར་འགྱུར། ། པད་མིའི་ཟེ་འབྲུ་ལྟར་མཚུངས་སོ།། མིག་དང་སོ་ནི་མཉམ་པ་དང་།། ལུས་ནི་མི་རིང་མི་ཐུང་ལ།། ཧ་ཅང་སྦོམ་དང་ཕྲ་བ་མིན།། འདི་ལྟར་ལེགས་པར་བཤད་པའི་ཚིག། ཇི་ལྟར་ཨུད་པ་ལ་ཡི་དྲི།། རྟག་ཏུ་ཀུན་དུ
291b2 མི་པའི་དྲི། གཡོས་རྣམས་ཐམས་ཅད་བསྙེན་བཀུར་འགྱུར། མཆོད་པར་འོས་པའི་ཚིག་གིས་སོ།། ཆོས་རྣམས་ཀུན་ལ་མཁས་པ་དང་།། དོན་དང་ཚིག་འབྲུ་རྣམ་པར་མཁས།། སེམས་ཀྱི་རྟོག་ལ་ཞུམ་པ་མེད།། རྟག་ཏུ་ཁྱད
291b3 པར་འཕགས་པའི་ཚིག། བརྫུན་དུ་ཡང་ནི་མི་སྨྲ་ཡིས།། སྐྱེས་པ་འམ་ནི་བུད་མེད་ཀྱིས།། ཕན་ཡོན་འདི་ནི་མྱོང་བར་འགྱུར།། ལྷ་དང་མི་རུ་སྐྱེས་པ་ན།། དེའི་ལུས་ཞི་གནས་ཤི་བའི་ཕ་རོལ་དུ་བདེ་འགྲོ་ལྷའི་འཇིག་རྟེན་དང་མཐོ
291b4 རིས་སུ་སྐྱེའོ། ། བརྫུན་དུ་སྨྲ་བ་ཞེས་བྱ་བ་ནི།། ཁ་ན་མ་ཐོ་བ་དང་བཅས་པའོ།། འདོད་པའི་དོན་རྣམས་ལ་རིགས་ཀྱི་བུས་མི་བྱེ་བ་ཉིད་དོ།། བདེན་པ་དང་ལེགས་པའི་བཅུད་རྣམས་དེ་ལྟ། བུ་ནི་བླང་བར་བྱའོ།། བརྫུན་དུ་སྨྲ་བ
291b5 ཤེས་བྱ་བ་དོན་མེད་པར་བྱེད་པའོ། ། འཇིག་རྟེན་སྐུ་བར་བྱེད་དོ།། སྐྱེ་བ་གཞན་དུ་མར་མ་ནང་མེད་པའི་དམྱལ་བར་སྐྱེ་བར་འགྱུར་རོ།། དེའི་ཕྱིར་འཚོ་བའི་སླད་དུ་འརྫུན་དུ་སྨྲ་བར་མི་བྱའོ།། ཐམས་ཅད་མཁྱེན
291b6 པ་སངས་རྒྱས། བྱང་ཆུབ་སེམས་དཔའ་སྒྲིབ་པ་དང་བཅས་པའི་དུས་ནའང་ཕྲ་མ་ནི། ཡུང་བའི་ཁ་དོག་ལྷོར་ཡུན་རིང་པོར་མི་གནས་སོ།། ཕྲབ་མའི་ཕུང་པོའི་སྟེང་དུ་ཕུར་པ་བཙུགས་ན་ཡུན་རིང
291b7 དུ་མི་གནས་པ་བཞིན་ནོ། ། རྟའི་རྒྱབ་དུ་ཤིང་ཐོག་རོལ་བུ་གཞག་ན་ཡུན་རིང་དུ་མ་གནས་པ་བཞིན་དུ།། སྨྲས་པའི་ཚིག་ལ་རལ་གྲིས་སྐེ་འབྲེལ་བའི་ཚེ།
291b8 ཚིག་གཉིས་མི་སྨྲ་བ་བཞིན་ནོ།། བདེན་པ་ཡུན་རིང་པོར་སྨྲས་པས་དགེ་སྦྱོང་དང་བྲམ་ཟེས་ཕ་རོལ་ཏུ་སྒྲོལ་བར་བྱེད་དོ།། ཆང་འཐུངས་པ་ནི་ཚ་བའི་དམྱལ་བར་ལྷུང་ཞིང
iiif viewer powered by OpenSeadragon
291a - 292a