e-texts navigator
Collection
Volume
Page
Wylie

290b1 ཐམས་ཅད་དེ་ལ་མེད། ། མ་ནིང་བུད་མེད་དུ་མི་སྐྱེ།། ཅུང་ཟད་གང་ནི་དོན་གཉེར་འདོད། དེ་ཡི་འདོད་པ་གྲུབ་པར་འགྱུར། ཕན་ཚུན་དུ་ནི་མཛའ་བ་མང་།། གཞན་ནི་མི་དགའ་དེ་ལ་མེད།། དབང་པོ་ཀུན་ནི་ཚང་པ་དང་།། དགེ
290b2 བའི་མཚན་ཉིད་ཡང་དག་ལྡན། ། མི་བཟོད་ཆུང་དང་དོགས་པ་མེད།། སྐྱེས་པ་བུད་མེད་དགོས་མེད་དོ།། ལོག་པར་གཡེམ་པ་སྤངས་པ་ཡི།། སྐྱེས་པ་འམ་ནི་བུད་མེད་ཀྱིས། ཁན་ཡོན་འདོན་མྱོང་བར་འགྱུར།། ལྔའམ
290b3 ཡང་ན་མ་རྣམས་ཀྱིས། ། དེའི་ལས་ཞིགནས་ཤི་བའི་ཕ་རོལ་དུ་མཐོ་ས་དང་ལྷའི་འཇིག་རྟེན་དུ་བདེ་འགྲོར་སྐྱེས་པར་འགྱུར་རོ།། གང་ཞིག་སྐྱེས་པ་འདོད་པ་ཡིས།། སྐྱེ་བ་ཡང་དང་ཡང་དུ་ནི།། བུང་མེད་གཞན་ལ་འགྲོ
290b4 བྱ། ། སེམས་ཀྱི་དྲི་མ་བཀྲུ་བའོ།། བུད་མེད་གང་ཞིག་གི་གྱོས་རྒྱུག་ལ་ཉེ་བར་མི་བསྙེན་པ་དང་རང་གི་ཁྱོལ་ཉེ་བར་མི་བསྙེན་པ་དང་། རང་གི་ཁྱོ་ལ་མི་བརྩི་བ་དང་།། རང་གི་ཁྱོའི་བུ་བོ་ལ་མི་འདུད་པ་དང་། རང་གི་ཁྱོའི་སྲིང་མོ
290b5 རྣམས་ལ་གནོད་པར་བྱེད་པ་དང་། གཞན་ཡང་ལག་པ་དང་། རྐང་པ་དང་། རྒྱ་ཐ་ལ་ལས་སུ་བྱ་བ་མི་བྱེད་པ་དང་། བཟའ་བ་དང་བཏུང་བ་གང་འདོད་པ་མི་སྟེར་བ་དང་། དེ་རྣམས་ལ་ངོ་ཚ་དང་ཁྲེལ་དུ་མི་བྱེད་པ་དང་། རང
290b6 གི་ཁྱོ་བོ་ལ་ཀློག་པར་བྱེད་པ་དང་། བསྐུར་བ་བཏབ་ན་དམྱལ་བར་སྐྱེ་བར་འགྱུར་རོ།། ལྕགས་བསྲེགས་ཀྱིས་གཞིའི་སྟེང་དུ་ཉལ་བ་དང་། འབར་བའི་ལྕགས་ཀྱུ་ཁ་རུ་གཅུགས་ནས་མཆིལ་པའི་ཉལ་བྱ་བ་བཞིན་དུ་ལཱྀའི
290b7 རྩེ་མོ་ཕྱི་རོལ་ཏུ་བྱུང་སྟེ། ཐག་པས་བཅིངས་ནས་ཕྱི་རོལ་དུ་འདོན་ཏོ།། དེ་ལྟར་ཕྱི་རོལ་དུ་བཏོན་པ་ལ། ལྕེའི་རྩེ་མོ་ལ་མཚན་ཆས་བརྒྱབ་ནས་བརྒྱབ་པའི་གནས་སུ་སྐྱེས་པའི་སྲན་པོས་ཟའོ།། དེ་ལྟར་ཟོས་པས་ཅུང་ཟད་ཀྱང
290b8 སྨྲ་བར་མི་ནུས་སོ། ། དེ་ལྟར་དེ་ནི་དེ་ལ་ལོ་སྟོང་ཕྲག་དུ་མར་འཚེད་པར་འགྱུར་རོ།། བཙེས་ནས་ཡང་དམྱལ་བ་ཆེན་པོར་ལྷུང་བར་འགྱུར།། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། གང་ཞིག་བུད་མེད་སྐྱེས་པ་འདོད།




iiif viewer powered by OpenSeadragon

290a - 291a

Texts on this page

Q753 - bslab pa lnga'i phan yon gyi mdo