| | e-texts navigator
|
290a1 འདོད་ང་རྣམས་ལོག་པར་གཡེམ་པ་ནི། སྦྲུལ་དུག་ཅན་དང་འདྲ་བར་ལྟ་བར་བྱའོ།། དམྱལ་བར་འཇུག་པ་དང་། ཡི་དགས་ཀྱི་ཡུལ་དུ་འཇུག་པ་དང་། དུད་འགྲོའི་སྐྱེ་གནས་སུ་སྐྱེ་བར་གྱུར་རོ།། གང་ཞིག
290a2 འདོད་པ་རྣམས་ལ་ལོག་པར་གཡེམ་པའི་རྣམ་པར་སྨན་པ་ནི་ཤིན་ཏུ་ཆེན་པོའོ། ། ད་མིར་སྐྱེས་ཀྱང་། སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར་རོ།། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། སྐྱོ་བ་ལྔ་རྒྱར་བུད་མེད་འགྱུར
290a3 དེ་བཞིན་དུ་ནི་མ་ནིང་འགྱུར། ། སྨྱུག་ཟོའི་མཛེ་ཅན་ཡང་ཡང་འགྱུར།། ལོགས་པར་ག་ཡེམ་པའི་ཉེས་པའོ།། སྐྱེ་བ་དུ་མ་ཉེ་བར་འཚེ་བ་དང་། དགྲ་མང་བར་འགྱུར་བ་དང་། མོ་མཛའ་བ་དང་རྟག་ཏུ་ལྡན་ཅག་ཏུ་གནས
290a4 པར་འགྱུར་བ་དང་། ཉལ་བ་དང་ལྡང་པའི་ཚེ་སྡུག་བསྔལ་དང་བཅས་པ་དང་། དུས་རྟག་ཏུ་ཁྲོ་བ་དང་། མིས་གནོད་པར་བྱེད་པ་དང་། རྟག་ཏུ་ལུས་སྦྱང་བར་འགྱུར་བ་དང་། འོན་པ་དང་། སྐྱེ་བ་ནས་སྐྱེ་བར་དམུས་ལོང
290a5 ལ་སོགས་པར་སྐྱེ་བར་འགྱུར་རོ། ། རྣམ་པར་འགྱུར་བེར་ངེས་པ་དང་། རྟག་ཏུ་སེམས་མ་དགའ་བར་འགྱུར་བ་དང་། ཕན་ཏན་དུ་འཐབ་པ་ལ་དགའ་བ་དང་། དགའ་བའི་སེམས་དང་འབྲལ་བར་འགྱུར་རོ།། ད་ལུས་ནི།།
290a6 ནས་ཤི་བའི་ཕ་རོལ་དུ་ངུ་འབོད་ཆེན་པོའི་དམྱལ་བར་ལྷུང་ཞིང་སྐྱེ་བར་འགྱུར་རོ།། དེར་ཡང་དེ་ལ་སྡུག་བསྔལ་དྲག་པོ་དང་། རྩུབ་པ་དང་། ཚ་བ་ཉམས་སུ་མྱོང་བར་འགྱུར།། འདོད་པས་ལོག་པར་གཡེམ་པའི་རྣམ་པར་སྨིན
290a7 བའོ། ། ལོག་པར་གསམ་པ་སྤངས་པ་ཡིན།། སྐྱེས་པའམ་ནི་བུད་མེད་ཀྱིས་ཐོབ་པར་འགྱུར་ཏེ་ཕན་ཡོན་ནི།། ཡོན་ཏན་ཉི་ཤུ་མི་དམན་པར།། དེ་ལ་དགྲ་ནི་མེད་པ་དང་། འཇིག་རྟེན་ཐམས་ཅད་དགའ་བ་དང་། བཟའ
290a8 དང་བཏུང་བསྐྲད་པར་སྲ། ། གོས་དང་སྨན་དང་གནས་རྣམས་དང་། བདེ་བ་ཉལ་དང་བདེ་བར་འདུག། དེ་ནི་བད་བར་ལྡང་བ་དང་། ངནས་འཇིགས་ལས་རྣམ་པར་གྲོལ།། མྱ་ངན་མེད་དང་འཇིགས་པ་འང་མེད།། ནནམ
iiif viewer powered by OpenSeadragon
289b - 290b