| | e-texts navigator
|
289a1 བ།། ད་བ་འདྲ་བ་ན་སེམས་ཅན་དམྱལ་བ་རྣམས་སུ་འཚེད་དོ།། བྲག་དགུནས་དྲབ་ཆུབ་ཅིང་འབྱུང་།། ཛ་ག་བ་ཚང་བ་ཉར་ལུས་འཆད་དོ།། སེམས་ཅན་གཉིས་ག་མྱ་ངན་གྱིས་སྒྲ་ཆེན་པོ་སྒེགས་སོ།། དེ་དག་ནི་དེར་སྡུག་བསྔལ་དྲག་ཅིང
289a2 རྩུབ་པ་དང་ཚ་བ་མྱོང་བར་འགྱུར་རོ། ། མ་བྱིན་པར་ལེན་པ་ནི་དགེ་སློང་དག་སྦྲུལ་དུག་ཅན་དང་འདྲ་བར་ལྟ་བར་བྱའོ།། དམྱལ་བར་འཇུག་པ་དང་། ཡི་དགས་ཀྱི་ཡུལ་དུ་འཇུག་པ་དང་། དུད་འགྲོའི་སྐྱེ་གནས་སུ་སྐྱེ་བར་འགྱུར་རོ།། གང་ཞིག་མ་བྱིན་པར
289a3 ལེན་པའི་རྣམ་པར་སྨིན་པ་ནི་ཤིན་དུ་ཆེན་པོའོ། ། མིར་སྐྱེས་ཀྱང་ལོངས་སྤྱོད་རྣམས་ཉམས་པར་འགྱུར་བ་དང་། མ་བྱིན་པར་བླངས་པའི་སེམས་ཅན་གྱི་ལག་ཏུ་དངོས་པོ་ཅུང་ཟད་ཀྱང་འཆགས་པར་མི་འགྱུར་རོ།།
289a4 བཟའ་བ་དང་། བཏུང་བ་དང་། གོས་དང་སྟན་ལ་སོགས་པ་རྙེད་བཀའ་བར་འགྱུར་བ་དང་། རྒྱུན་མི་འཆད་པར་ཟུག་རྔུ་ཅན་དང་། གཞན་སྡང་བ་དང་། འཚེ་བར་འགྱུར་རོ།། གང་དང་གང་རྙེད་པ་དེ་དང་དེ་ནི་ཉམས་པར་འགྱུར་རོ།།
289a5 གཞན་གྱིས་ལོངས་སྤྱོད་པར་འགྱུར་རོ།། གང་འདོད་པའི་ལོངས་སྤྱོད་ནི་རྙེད་དཀའ་བར་འགྱུར་རོ།། དངོས་པོ་ཡོད་པ་རྣམས་འཕེལ་བར་མི་འགྱུར་རོ།། བདེ་བ་དང་འབྲལ་བར་འགྱུར་རོ།། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་གསུངས་པ
289a6 འདིར་ནི་དབུལ་དང་བཀྲེན་པ་དང་། གཟུགས་ངན་ཉེ་བར་འཚེ་བ་དང་། རིགས་ངན་དུ་ན་སྐྱེ་བ་ནི།། མ་བྱིན་ལེན་པའི་ཉེས་པའོ།། མ་བྱིན་པར་ལེན་པའི་རྣམ་པར།། སྨིན་པའོ།། མ་བྱིན་ལེན་པ་སྤངས་པ་ཡིས། སྐྱེས་པའམ་ནི་བུད་མེད་ནི།། ཐ
289a7 པར་འགྱུར་ཏེ། ཕན་ཡོན་ནོ།། ཡོན་ཏན་ཉི་ཤུ་མི་དམན་པར།། རྟག་ཏུ་འབྲུ་ནི་མང་བ་དང་། མཐའ་ཡས་ལོངས་སྤྱོད་བྲན་སུམཚོགས།། སྔར་མེད་པ་ནི་རབ་ཏུ་འབེལ།། འདོད་པ་རྣམས་ནི་བརྟན་པ་དང་། གཟུགས་སྒྲ་རོ་དང་དྲི་དང་ནི།། རག
289a8 བྱ་རྣམས་ནི་ཡིད་དུ་འོང་། དོན་དུ་གཉེར་བ་ཐམས་ཅད་ལ།། བསམ་པ་ཐམས་ཅད་མྱུར་དུ་འགྲུབ།། དེ་ལ་རྒྱལ་བ་ཆོམ་ཀུན་དང་། མི་མ་བཡིས་མི་འཕྲོགས་དང་། མེ་འམ་ཡང་ནི་ཆུ་དང་ནི། དེ་རྣམས་ཀྱིས་ནི་འཚེ་མི་འགྱུར།
iiif viewer powered by OpenSeadragon
288b - 289b