| | e-texts navigator
|
278a1 ཡོགས། ། མཁས་པའི་ལྷན་ལྡན་དུའོ།། ག་ཏུ་གྲང་ཆེན་མོས་འབྲེང་ག་འདས་པ་གྲགས་དང་ལྡན་པ་དང་།། ཟ་ཛྙཱན་མང་བ་མདུན་དུ་དང་།། གང་ཤིག་ཕྱོགས་ནི་མཛེས་པ་དང་། ཕྱོགས་བཅ་འཛིག། རྣཆག
278a2 རྣམས་དང་། ། ཐམས་ཅད་ཁ་དོག་སྣ་ཚོགས་ལུས།། རྫུ་འཕྲུལ་ལྡན་ཞིང་འོད་དང་ལྡན།། ཁ་དོག་དང་ནི་གགས་པར་ལྡན།། ཆོས་གཏམ་བྱ་ཕྱིར་འདིར་འོངས་ཏེ།། ཞི་བས་དགེ་སློང་ཚལ་དུའོ།། དགེ་བ་དགའ
278a3 ལྡན་མཐའ་བྲལ་དང་། ། ཐགས་ལྡན་ཤིན་དང་ལྡན་པ་དང་། འཕྱང་བ་གནས་དང་གཙོ་བོ་དང་།། འོད་དང་བསམ་པ་ཞེས་བྱ་དང་། རྫུ་འཕྲུལ་དགའ་བ་སྔོན་དུ་དང་།། དེ་ནས་གཞན་འཕྲུལ་དབང་བྱེད་སྟོན།། ཕྱོགས
278a4 བཅུའི་འཇིག་རྟེན་ཚོགས་དང་ནི། ། ཐམས་ཅད་ཁ་དོག་སྣ་ཚོགས་ལུས།། རྫུ་འཕྲུལ་ལྡན་ཞིང་འོད་དང་ལྡན།། ཆོས་གཏམ་བྱ་ཕྱིར་འདིར་འོངས་ནས།། ཞི་བས་དགེ་སློང་ཚལ་དུའོ།། སྣ་ཚོགས་དྲུག་པོའི་སྡེ་པ་ནི།།
278a5 ཐམས་ཅད་ཁ་དོག་སྣ་ཚོགས་ལུས།། མིང་ནི་གྲགས་དང་ལྡན་པ་བསྟོན། ཁང་ཞན་འདྲ་བ་ལྷན་ཅིག་ཏུ།། མ་ལུས་རིགས་ནི་བརྗོད་པ་དང་།། ཟག་མེད་ཚོགས་ནི་ཕ་རོལ་བརྒལ།། གླང་ཆེན་ཚོགས་ནི་བལྟ་བ་དང་།། ཟླ་བ་བཞད
278a6 པ་གསུམ་ལྡན་དང་། ཚངས་ཟད་མཆོག་གི་ཐོབ་པ་དང་།། རྫུ་འཕྲུལ་ལྡན་པའི་བུ་དང་ནི། དེ་ཡི་དགའ་བའི་བཞོན་ནུ་ནི།། དེ་རྣམས་ཞི་བས་ཚལ་དུའོ།། ཚངས་པའི་འཇིག་རྟེན་སྟོང་དུ་ནི།། ཚངས་པ་ཆེན་པོ་ཉེ་བར
278a7 འཁོད། ། འོད་དང་ལྡན་པར་སྐྱེས་པ་དང་།། གྲགས་ལྡན་སྣ་ཚོགས་ལུས་དང་ནི།། དབང་བླག་བཅུ་པོ་སྔོན་དུ་དང་།། ས་སོ་དབང་དུ་འགྱུར་བ་དང་།། དེ་ཡི་དབུས་དང་སྔོན་དུ་དང་། འབྲོག་མ་འཁོར་དང་བཅས་པའོ།།
278a8 དེ་རྣམས་ཐམས་ཅད་འོངས་གྱུར་ནས།། དབང་པོ་ལྷ་དང་ཚངས་བཅས་འོངས།། བདུད་གྱེ་སྡེ་རྣམས་འོངས་ནས་ནི།། གཽ་ཏ་མ་ཐུགས་ནི་བལྟ་བ་དང་། འདི་ནི་ཟུང་ཅིག་ཆིངས་ཤིག་བརྗོད། ཆགས་པ་གླང་པོ་བཅིངས་པ་བཞིན
iiif viewer powered by OpenSeadragon
277b - 278b