| | e-texts navigator
|
275a1 རྒྱག་སྐད་དུ། མ་ཧཱ་ས་མ་ལ་སྭཱ་ཏྲ། བོད་སྐང་དུ། འདུས་པ་ཆེན་པོའི་མདོ། འཕགས་པ་དཀོན་མཆོག་གསུམ་ལ་གུས་པས་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཤཱ
275a2 སྲབ་མེར་སྐྱའི་གཞིའི་ཚལ་ཆེན་པོ་ན་དགེ་སློང་ག་དགེ་འདུན་ཆེན་པོ་ལྡ་བརྒྱ་སྟེ། དེ་དག་ཐམས་ཅད་ཀྱང་དགྲ་བཅོམ་པ་རྣམས་དང་ལྡན་ཅིགཏུ་བ་ཞུགས་སོ།། འག་རྟེན་གྱི་ཁམས་བཅུའི་ལྷརྣམས་དེ་མ་ཐག་ཏུ་འདུས་ཏེ།
275a3 གས་ཤེལ་དུན་རྣམས་བལྟ་བའི་ཕྱིར་རོ།། དེ་ནས་གནས་གཙང་མའི་རིགས་ཀྱི་ལྷའི་རིས་བཞི་པོ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། འདིས་བཅོམ་ལྡན་འདས་ཀྱིས་ཤཱཀྱའི་ཡུལ་སྙེར་སྒྲའི་གནིའི་རྣ
275a4 ཆེན་པོ་ན་དགེ་སློང་གི་དགེ་འདུན་ཆེན་པོ་ལྔ་བརྒྱ་སྟེ། དེ་ཐམས་ཅད་ཀྱང་དགྲ་བཅོམ་པ་རྣམས་དང་ལྷན་ཅིག་ཏུ་བཞུགས་སོ།། འཇིག་རྟེན་གྱི་ཁམས་བཅུའི་ལྷ་རྣམས་དེ་མ་ཐག་ཏུ་འདུས་ཏེ། བཅོམ་ལྡན་འདས་ཀྱི་དག
275a5 སློང་གི་དགེ་འདུན་རྣམས་བལྟ་བའི་ཕྱིར་རོ། ། གང་དག་དེ་བཞིན་དྲ་བཅོམ་ལྡན་འདས་གལ་བད་དེ་དག་སོང་སྟེ་སོང་ནས། བཅོམ་ལྡན་འདས་ཀྱི་ཐད་དུ་ཚིགས་སུ་བཅད་པ་སོ་སོར་བརྗོད་པར་བྱའོ།། དེ་ནས
275a6 ལྷ་དེ་རྣམས་ཀྱིས་འདི་ལྟ་སྟེ། སྐྱེས་བུ་སྟོབས་དང་ལྡན་པའི་ལག་པ་བརྐུམ་པ་ལས་བརྐྱད་པ་ཙམ་བརྒྱད་པ་ལས་བརྐུམ་པ་དེ་བཞིན་དུ་གནས་གཙང་མའི་ལྷ་རྣམས་མི་སྣང་བར་གྱུར་ཏེ་བཅོམ་ལྡན་འདས་ཀྱི་ཟད་དུ་སྣ
275a7 བར་འགྱུར་ཏོ། ། དེ་ནས་ལྷ་དེ་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཕྱག་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ།། ཕྱོགས་གཅིག་ཏུ་འཁོད་ནས་ཡང་ལྷ་དེ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱིས་ཐད་དུ་ཚིགས་སུ་ཅད
275a8 འདི་རྣམས་གསོལ་ཏོ། ། འདུས་པ་ཆེན་པོའི་ཚལ་འདི་རུ།། ལྷ་ཡི་ཚོགས་རྣམས་འདུས་པ་སྟེ། ཆོས་འདིའི་ཕྱིར་དུ་བདག་འོངས་པ།། དགེ་འདུན་མི་ཕམ་འདུས་པལྟ།། དེ་ནས་ལྷ་གཞན་རྣམས་ཀྱིས་བཅོམ་ལྡན
iiif viewer powered by OpenSeadragon
274b - 275b