| | e-texts navigator
|
266b1 དེཕྱིར་དེ་ལྟར་འདི་བརྗོད་དེ། རྒྱལ་བ་གོ་ཏམ་ཕྱག་གྱིས་ཤིག། རྒྱལ་བ་གོ་ཏམ་ཕྱག་བགྱིད་དོ།། རིག་པ་དང་ནི་ཞབ་སུ་ལྡན། སངས་རྒྱས་གོ་ཏ་མ་ཕྱག་འཚལ་ལོ།། ཉི་མའི་དཀྱིལ་འཁོར་ཆེན་པོ་ནི། གང་ནས
266b2 གང་དུ་ཤར་གྱུར་པ། ། དེར་ནི་ཉིན་མོར་འགྱུར་བ་སྟེ།། ཉིན་མོ་ཞེས་ནི་བརྗོད་པ་ཡིན།། གང་དུ་ཉི་མ་ནུབ་གྱུར་པ།། དེ་ནི་མཚན་མོར་བརྗོད་པར་བྱེད།། གཏིང་ནི་ཟབ་པའི་རྒྱ་མཚོ་ཡི།། དེ་ཡི་ཆུ་ནི་བཅུད་བཟད་དོ།། དེ་ལྟར་དེར་ནི་སྐྱེས་གྱུར
266b3 པའི། ། རྒྱ་མཆེའི་ཆུ་ཡི་བཅུད་བཞིན་ནོ།། འདིར་ནི་ནུབ་ཀྱི་རྫོགས་ཀྱི་ནི།། སྐྱེ་བོ་རྣམས་ལ་འདི་བརྗོད་དེ།། དེ་ཡི་ཕྱོགས་ནི་ཀུན་སྐྱོང་བའི།། རྒྱལ་པོ་ཆེན་པོ་གྲགས་ཆེན་ལྡན།། ཀླུ་རྣམས་ཀྱི་ནི་བདག་པོ་སྟེ། འད་ཡི་མིང་ནི་མིག་མ་པར
266b4 ཀླུ་ལི་འཁོར་དང་བཅས་པ་ནི། ། ཀླུང་གར་གྱིས་དགའ་བར་བྱེད།། དེ་ཡི་ཊ་ནི་མང་པོ་རྣམས།། མིང་ནི་གཅིག་ཏུ་ཐོས་པ་སྟེ།། དབང་པོ་ཞེས་བྱ་སྟོབས་དང་ལྡན། དེ་ནི་དགུ་བཅུ་རྩ་གཅིག་གོ།། དེ་ཡང་སངས་རྒྱས་མཐོང་བ་དང་།
266b5 ཉི་མའི་གཉེན་གྱི་སངས་རྒྱས་ནི།། ཇིགས་དང་ཐལ་བ་ཆེན་པོ་ལ།། ཐག་རིང་ནས་ནི་ཕྱག་བགྱིའོ།། སྐྱེས་བ་ཅང་མཁྱེན་ཁྱེ་ཕྱག་འཚལ།། སྐྱེས་བུ་མཆོག་ཁྱོད་ཕྱག་འཚལ་ལོ།། དགེ་བ་རྟག་ཏུ་གསུང་བལ།། མི་མ་ཡིན་རྣམས་བྱེད
266b6 ཕྱག་འཚལ། རྟག་ཏུ་འདི་ནི་ཉན་པའོ།། དེ་ཕྱིར་དེ་ལྟར་འདི་བརྗོདདེ།། རྒྱལ་བགོ་ཏམ་ཕྱག་གྱིས་ཤིག། རྒྱལ་བགོ་ཏམ་ཕྱག་བགྱིད་དོ།། རིག་པ་དང་ནི་ཞབས་སུ་ལྡན།། སངས་རྒྱས་གོ་ཏམ་ཕྱག་འཚལ་ལོ།། གང་ཞིག་བྱང་ཕྱོགས
266b7 སྒྲ་མ་སྙན། ། ལྷུན་པོ་བལྟ་ན་སྡུག་རི་དགའ།། དེར་སྐྱེས་པ་ཡི་མི་རྣམས་ནི།། བདག་གིར་ཡོངས་སུ་བཟུང་བ་མེད།། དེ་རྣམས་ས་བོན་འདེབས་པ་མེད།། རྨོ་བ་ཡང་ནི་མེད་པ་ཡིན།། དཀའ་སྤྱད་མེད་པར་འབྲས་སྨིན་འི
266b8 མི་རྣམས་ཡོངས་སུ་ལོངས་སྤྱད་དོ། ། སྤུན་མེད་མ་གྲུགས་ཤིན་ཏུ་དག། དྲི་བཟང་འབྲས་ནི་འབྲས་བུ་ལྡན།། འབྲས་ཀྱི་འོ་མ་ལ་འཚོད་ཅིང་།། དེ་བཞིན་བཅོས་ནས་ལོངས་སྤྱོད་དོ།། བ་ལང་རྐང་གཅིག་ལ་ཞོན་ནས།། ཡུལ་དང་ཕྱོགས
iiif viewer powered by OpenSeadragon
266a - 267a