| | e-texts navigator
|
266a1 གྱུར་པ། ། རྒྱམཐར་རྩིམི་བ་ཅུང་བཞིན་ནོ།། འདིར་ནི་ཤར་གྱི་ཕྱོགས་ཀྱིན།། སྐྱེ་བ་རྣམས་ལ་འདུ་བརྗོད་དེ།། དེ་མ་ཕྱོགས་ན་ཀུན་སྟོང་བའོ།། རྒྱལ་བ་ཆེན་པོ་གྲགས་ཆེན་ལྔ།། དྲི་ཐ་རྣམས་ཀྱི་བདག་ཟ།
266a2 མིང་ནི་རྒྱལ་པོ་ཡུལ་འཁོར་སྐྱོད།། དྲི་ཟ་འཁོར་དང་བཅས་པ་ནི།། ཀླུ་དང་གར་གྱིས་དགའ་བར་བྱེད།། དེ་ཡི་བུ་ནི་མང་པོ་རྣམས།། མིང་ནི་གཅིག་ཏུ་ཐོས་པ་སྟེ།། དབང་པོ་ཞེས་བྱ་སྟོབས་དང་ལྡན།། དེ་ནི་དགུ་བཅཝ
266a3 གཅིག་གོ། ། དེ་ཡང་སངས་རྒྱས་མཐོང་བ་དང་།། ཉི་མའི་གཉེན་གྱི་སངས་རྒྱས་ནི། འཇིགས་དང་བྲལ་བ་ཆེན་པོ་ལ།། ཐག་རིང་ནས་ནི་ཕྱག་བགྱིའོ།། སྐྱེས་བ་ཅད་མཁྱེན་ཁྱེད་ཕྱག་འཚལ།། སྐྱེས་བུ་མཆོག་ཁྱོད་ཕྱག་འཚལ
266a4 ལོ། ། དགེ་བརྟག་ཏུ་གསུང་བ་ལ།། མི་མ་ཡིན་རྣམས་ཁྱོད་ཕྱག་འཚལ།། རྟག་ཏུ་འདི་ནི་ཉན་པའོ།། དེ་ཕྱིར་དེ་ལྟར་འདི་བརྗོད་དེ།། རྒྱལ་བ་གོ་ཏམ་ཕྱག་གྱིས་ཤིག། རྒྱལ་བ་གཽ་ཏམ་ཕྱག་བགྱིད་དོ།། རིགས་པ་དང་ནི་ཞབས
266a5 སུ་ལྡན། ། སངས་རྒྱས་གོ་ཏ་མ་ཕྱག་འཚལ་ལོ།། གང་ཡང་ཡི་དགས་རྗོད་བྱེད་པ།། ཐམ་རྒྱབ་ཀྱི་ཤ་ཅན་དང་།། སྲོག་གཅོད་པ་ལ་ཆགས་པ་དང་།། སྐྱེ་བོ་མ་ལུས་འཇོམས་པའོ།། འདིར་ནི་སྒོ་ཡི་ཕྱོགས་གནས་པདྨ།
266a6 སྐྱེ་བོ་རྣམས་ལ་འདི་སྐད་བརྗོད།། དེ་ཡི་གནས་ནི་ཡོངས་སྦྱོར་བ།། རྒྱལ་པོ་ཆེན་པོ་ཟགས་ལྡན་པ།། གྲུལ་བུམ་རྣམས་ཀྱི་བདག་པོ་སྟེ།། མིང་ནི་འཕགས་སྐྱེས་པོ་ཞེས་བྱ།། གྲུལ་བུམ་འཁོར་དང་བཅས་པ་ནི།། གླུ་དང་གར་གྱིས
266a7 དགའ་བར་བྱེད། ། དེ་ཡི་བུ་ནི་མང་པོ་རྣམས།། མིང་ནི་གཅིག་ཏུ་ཐོས་པ་སྟེ།། དབང་པོ་ཞེས་བྱ་སྟོབས་དང་ལྡན།། དེ་ནི་དགུ་བཅུ་རྩ་གཅིག་གོ། དེ་ཡང་སངས་རྒྱས་མཐོང་བ་དང་། ཉི་མའི་རྒྱུད་ཀྱིས་སངས་རྒྱས་ནི།། རིགས
266a8 དང་བྲལ་བ་ཆེན་པོ་ལ། ། ཐག་རིང་ནས་ནི་ཕྱག་བགྱིའོ།། སྐྱེས་བུ་ཅད་མཁྱེན་ཁྱེད་ཕྱག་འཚལ།། སྐྱེས་བུ་མཆོག་ཁྱོད་ཕྱག་འཚལ་ལོ།། དགེ་བརྟག་ཏུ་གསུང་བ་ལ།། མི་མ་ཡིན་རྣམས་ཁྱོད་ཕྱག་འཚལ།། རྟག་ཏུ་འདི་ནི་ཉན་པར
iiif viewer powered by OpenSeadragon
265b - 266b