e-texts navigator
Collection
Volume
Page
Wylie

265b1 སོ་སོར་དགེ་སྦྱོང་རྣམས་འཐུན་པར་གནས་སོ།། དེ་ན་གནོད་སྦྱིན་མ་རུངས་པ་རྣམས་ཀྱི་གནས་ཡོད་དོ།། གང་ཞིག་གིས་བཅོམ་ལྡན་འདས་ཀྱི་གསུང་རབ་ལམ་དད་པར་གྱུར་ཏེ། དེ་རྣམས་དད་པར་བྱ་བའི་ཕྱིར་བཙུན་པ
265b2 བཅོམ་ལྡན་འདས་ལ་བསླབ་པར་བྱ་སྟེ། ལྕང་ལོ་ཅན་གྱི་ཕོ་བྲང་གིས་བསྲུང་དུ་གསོལ།། དགེ་སློང་ངམ་དགེ་སློང་མའམ། དགེ་སྙེན་ནམ་དགེ་བསྙེན་མ་རྣམས་ལ་བསྲུང་བ་དང་། སྦ་བ་དང་འཚེ་བ་མེད་པ་དང་བདེ་བ་དང་ལེགས
265b3 པར་གནས་སོ། ། བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བའི་ཚུལ་གྱིས་གནང་ངོ་།། དེ་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུས་བཅོམ་ལྡན་འདས་ཀྱིས་གནང་བ་ཤེས་ཏེ། དེའི་ཚེ་འདི་ལྟར་ལྕང་ལོ་ཅན་གྱི་ཕོ་བྲང་གིས་སྲུངས་ཤིག།
265b4 ཅེས་གསོལ་ཏོ།། སྤྱན་ལྡན་དཔལ་དང་ལྡན་པ་ཡི།། རྣམ་པར་གཟིགས་ལ་ཕྱག་འཚལ་ལོ།། འབྱུང་པོ་རྣམས་ལ་བརྩེ་བ་ཡི། གཙུག་ཏོར་ཅན་ལའང་ཕྱག་འཚལ་ལོ།། མགོན་མེད་རྣམས་ལ་གདུང་བ་ཡི།། ཐམས་ཅད་སྐྱོབ་ལ
265b5 ཕྱག་འཚལ་ལོ། ། བདུད་ཀྱི་སྡེ་རྣམས་འདོམས་པ་ཡི། འཁོར་བ་འཇིགས་ལ་ཕྱག་འཚལ་ལོ།། བྲམ་ཟེ་དཔལ་དང་ལྡན་པ་ཡིན།། གསེར་ཐུབ་ལ་ནི་ཕྱག་འཚལ་ལོ།། སེམས་ཅན་རྣམ་གྲོལ་མཛད་པ་ཡི།། འོད་སྲུང་ལ་ནི་ཕྱག
265b6 འཚལ་ལོ། ། ཤཱཀྱའི་སྲས་ནི་དཔལ་དང་ལྡན།། ཉི་མའི་རྒྱུད་ལ་ཕྱག་འཚལ་ལོ།། སྡུག་བསྔལ་ཀུན་ལས་སྒྲོལ་མཛད་པ།། གང་ཞིག་ཆོས་ནི་རབ་སྟོན་མཛད།། གང་ཡང་འཇིག་རྟེན་པར་འགྱུར་པ།། ཇི་ལྟ་བ་བཞིན་གཟིགས
265b7 གྱུང་བའི། ། དེ་རྣམས་ལ་ནི་ཟ་མ་མེད།། འཇིགས་པ་མེད་པ་ཆེན་པོའོ།། གང་ཞིག་གཽ་ཏ་མ་ཕྱག་བྱེད་པ།། ལྷ་དང་མི་ལ་ཕན་པ་ཡིན།། རིག་པ་དང་ནི་ཞབས་སུ་ལྡན།། འཇིགས་པ་མེད་པ་ཆེན་པོ་སྟེ།། ཉི་མ་ད་ཀྱིལ
265b8 འཁོར་ཆེན་པོ་ནི། ། གང་ཞིག་ཏུ་ནི་ནུབ་ཅིང་འཆར།། གང་དུ་ཉི་མ་ནུབ་གྱུར་བ།། དེ་ནི་མཚན་མོར་འགྱུར་བ་ཡིན།། གང་དུ་ཉི་མ་ཤར་གྱུར་པ།། དེ་ནི་ཉིན་མོ་ཞེས་བརྗོད་དོ།། གཏིང་ནི་ཟབ་པའི་རྒྱ་མཚོ་ཡེ།། དེ་ཡི་ཆུ་ཡི་བཅུད་བཟང་ངོ་།། དེ་ལྟར་དེར་ནི་སྐྱེས




iiif viewer powered by OpenSeadragon

265a - 266a

Texts on this page

Q749 - lcang lo can gyi pho brang gi mdo