e-texts navigator
Collection
Volume
Page
Wylie

22a1 དེ་ལ་བདག་གིར་མི་བྱེད་དངོས་པོ་པངས་མེད་ན།། དེ་ལས་དགེ་བའི་རྩ་བ་མཐུ་ཆེན་འཕེལ་འགྱུར་ཏེ།། སྤྲིན་མེད་འོད་ལྡན་ཟླ་དཀྱིལ་ཡར་གྱི་ངོ་བཞིན་ནོ།། བྱང་ཆུབ་སེམས་དཔའི་སྦྱིན་པས་ཡིད་བཏགས་འགྲོ་བ་གཅོད།། །
22a2 འབུལ་བ་དང་ནི་དེ་བཞིན་ཉོན་མོངས་ཐམས་ཅད་གཅོད།། སྤྱོད་ཚེ་ལོངས་སྤྱོད་མཐའ་ཡས་རྒྱས་པ་ཐོབ་པར་འགྱུར།། སྦྱིན་པས་སྡུག་བསྔལ་གྱུར་པའི་སེམས་ཅན་ཡོངས་སྨིན་བྱེད། ཁྲིམས་ཀྱིས་དུད་འགྲོའི་འགྲོ་བ་དུ་མའི
22a3 ངོ་བོ་དང་། མི་ཁོམ་བརྒྱད་སྤོང་དེ་ཡིས་དལ་བ་རྟག་ཏུ་རྙེད་།། བཟོད་པས་གཟུགས་བཟང་དམ་པ་རྒྱ་ཆེན་ཐོབ་འགྱུར་ཏེ།། གསེར་མདོག་སྡུག་ཅིང་འགྲོ་བས་ལྟ་བའི་འོས་སུ་འགྱུར།། བརྩོན་འགྲུས་ཀྱིས་ནི་དཀར་པོའི
22a4 ཡོན་ཏན་འགྲིབ་མི་འགྱུར། ། ཡེ་ཤེས་མཐའ་ཡས་རྒྱལ་བའི་བང་མཛོད་རྙེད་པར་འགྱུར།། བསམ་གཏན་གྱིས་ནི་འདོད་པའི་ཡོན་ཏན་སྨད་པ་འདོར།། རིག་དང་མངོན་པར་ཤེས་དང་ཏིང་འཛིན་མངོན་པར་སྒྲུབ།། ཤེས
22a5 རབ་ཀྱིས་ནི་ཆོས་ཀྱི་རང་བཞིན་ཡོངས་ཤེས་ནས། ། ཁམས་གསུམ་མ་ལུས་པ་ལས་ཡང་དག་འདའ་བར་འགྱུར།། མིའི་ཁྱུ་མཆོག་འཁོར་ལོ་རིན་ཆེན་བསྐོར་བྱས་ནས།། སྡུག་བསྔལ་ཟད་པར་བྱ་ཕྱིར་འགྲོ་ལ
22a6 ཆོས་ཀྱང་སྟོན། ། ཆོས་འདི་ཡོངས་རྫོགས་བྱས་ནས་བྱང་ཆུབ་སེམས་དཔའ་དེ།། ཡོངས་དག་ཞིང་དང་སེམས་ཅན་དག་པ་ཡོངས་སུ་འཛིན།། སངས་རྒྱས་རྒུད་དང་ཆོས་ཀྱི་རྒྱུད་ཀྱང་ཡོངས་སུ་འཛིན།། དེ་བཞིན་དགེ
22a7 འདུན་རྒུད་དང་ཆོས་ཀུན་ཡོངས་སུ་འཛིན། ། འགྲོ་བའི་ནད་གསོ་མཛད་པ་སྨན་པའི་མཆོག་གྱུར་པས།། ཤེས་རབ་བསྟན་པ་བྱང་ཆུབ་ལམ་ལྡན་འདི་གསུངས་ཏེ།། མིང་ནི་ཡོན་ཏན་རིན་ཆེན་སྡུད་པ་བྱང་ཆུབ་ལམ།། ལམ་འདི་སེམས
22a8 ཅན་ཀུན་གྱིས་ཐོབ་པར་བྱ་ཕྱིར་བཤད། ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུད་པ་ཚིགས་སུ་ཅད་པ་རྫོགས་སྷོ།། རྒྱ་གར་གྱི་མཁན་པོ་བདྷི་ཀ་ར་སིད་ཧ་དང་། ཞུ་ཆེན་གྱི་ལོ་ཙ་བ་བན་དེ་དཔལ་རྩེགས་ཀྱིས་རྒྱུར་ཅིང་ཞུས་ཏེ་བཏན་ལ་ཕབ་པའོ།།




iiif viewer powered by OpenSeadragon

21b - 22b

Texts on this page

Q735 - 'phags pa shes rab kyi pha rol tu phyin pa sdud pa tshigs su bcad pa