e-texts navigator
Collection
Volume
Page
Wylie

223a1 སྦྱིན་པའི་ཕ་རོལ་ཕྱིན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པས་སངས་རྒྱས་ཐོབ་པར་བྱེད་པའི་ཚེས་རྫོགས་པར་བྱེད་པ་ཉིད་ཐམས་ཅད་སྒྲོལ་གྱི་བདག་ཉིད་བྱོན་ནོ།། བྱོན་ནས་གང་དེ་རྣམས་བྱས་པའི་སྨོན་ལམ་བྱང་ཆུབ
223a2 སེམས་དཔའ་རྣམས་ཀྱིས་ཕན་ཡོན་བསྔགས་པར་མཛད་དོ། ། དེ་བཞིན་ཡན་ལག་ཐམས་ཅད་ལྡན།། མི་ཡི་བྱང་ཆུབ་ངེས་པ་དང་།། འཁོར་བ་ཡུན་རིངས་གཞི་མེད་པ།། བསྐལ་པ་བྱེ་བ་བརྒྱ་ཉིད་དམ།། མནར་མེད་དུ་ནི་མི་སྐྱེའོ།། དེ་བཞིན
223a3 དུ་ནི་འཇིག་རྟེན་པར། བསྲེས་སྐོམ་སྲེད་དང་འབར་བ་དང་།། ཡན་ལག་ཐམས་ཅད་མི་འཆད་འགྱུར།། སྲོག་ཆགས་ཕྲ་མོར་མི་འགྱུར་ཞིང་།། ངན་འགྲོ་རྣམས་སུ་སྐྱེ་མི་འགྱུར།། མི་རུ་སྐྱེས་པར་གྱུར་པ་ན།། དེ་ནི་དམུ་ལོང་མི་འགྱུར
223a4 ཞིང་། ། འོན་པར་ཡང་ནི་མི་འགྱུར་ལ།། ལྐུག་དང་གཞོག་ཕྱེད་ན་མི་འགྱུར།། བུད་མེད་དུ་ནི་སྐྱེ་མི་འགྱུར།། ཟ་མ་མ་ནིང་མཚན་གཉིས་དང་།། འཐབ་འཁོབ་ཏུ་ནི་སྐྱེ་མི་འགྱུར།། མི་ཡི་བྱང་ཆུབ་ངེས་པ་ཡིན།། འཚམས་མེད་པ་ལས་གྲོལ
223a5 བ་དང་། ། དག་པའི་སྤྱོད་ཡུལ་ཐམས་ཅད་དུ།། ལོག་པའི་ལྟ་བ་མི་བརྟེན་ནོ།། ལས་ཀྱི་བྱ་བ་མཐོང་བ་དང་།། མཐོ་རིས་ལ་ནི་གནས་ནས་སུ།། འདུ་ཤེས་མེད་པར་སྐྱེ་མི་འགྱུར།། གཙང་མ་རིས་ཀྱི་ལྷ་རྣམས་སུ།། སྒྱུ་དང་མིང་ནི་སྐྱེ་བ་མེད།། སྐྱེས
223a6 ཆུ་དམ་པ་ངེས་འབྱུང་སེམས། ། དངོས་དང་དངོས་མེད་ལྡན་པ་མེད།། གང་ཞིག་འཇིག་རྟེན་དོན་དུ་འགྲོ།། ཕ་རོལ་ཕྱིན་ཀུན་རྫོགས་པར་བྱེད།། ཕན་ཡོན་དེ་རྣམས་ལྷགས་པར་ཐོབ་པའམ་དེས་ཕ་རོལ་དུ་བྱིན་པ་རྫོགས་པར་བྱེད་དོ།། གྲགས
223a7 པ་དང་ལྡན་པ་ལ་བྲམ་ཟེའི་དུས་སུ་དང་། དུང་གི་བྲམ་ཟེའི་དུས་སུ་དང་། ནོར་རྒྱལ་གྱི་རྒྱལ་པོའི་དུས་སུ་དང་། བལྟ་ན་སྡུག་ཆེན་པོའི་རྒྱལ་པོའི་དྲིས་སུ་དང་།། ཁྱབ་འཇུག་ཆེན་པོའི་དུས་སུ་དང་། རྒྱུ་མཚན་གྱི་རྒྱལ་པོའི་དུས་སུ་དང་། ཟླ་བ་གཞོན་ནུའི
223a8 རས་སུ་དང་། ། ཡུལ་གྱི་མཆོག་གི་དུས་སུ་དང་། ཤཾ་བི་པིའི་རྒྱལ་པོའི་དྲིས་སུ་དང་། ཐམས་ཅད་སྒྲོལ་གྱི་དུས་སུ་ནི་སྦྱིན་པའི་ཕ་རོལ་དུ་ཕྱིན་པའི་བདག་ཉིད་དེ་ཚད་མེད་པ་ཞེས་བྱའོ།། མཐའ་གཅིག་ཏུ་ཡང་དང་ཡང་བྱང་ཆུབ་སེམས་དཔའ




iiif viewer powered by OpenSeadragon

222b - 223b

Texts on this page

Q748 - skyes pa rabs kyi gleng gzhi