e-texts navigator
Collection
Volume
Page
Wylie

21b1 སེམས་མེད་ན། ། དེ་ཚེ་ཕྱི་རོལ་དངོས་པོ་གཏོད་པ་སྨོས་ཅི་དགོས།། གལ་ཏེ་སེར་སྣ་བྱེད་པ་དེ་ནི་གནས་མེད་དོ།། བདག་དུ་འདུ་ཤེས་དངོས་ལ་བདག་གིར་འཛིན་པས་ཆགས།། བླུན་པོ་རྣམས་ལ་གཏོང་བའི་བློ
21b2 ལྟ་ག་ལ་ཡོད། ། སེར་སྣ་ཅན་ནི་ཡིད་བཏགས་གནས་སུ་སྐྱེ་བར་འགྱུར།། ཅི་སྟེ་མིར་སྐྱེས་ན་ཡང་དེ་ཚེ་དབུལ་པོར་འགྱུར།། དེ་ཚེ་བྱང་ཆུབ་སེམས་དཔའ་སེམས་ཅན་དབུལ་ཤེས་ནས།། གཏོང་ལ་མོས་པར་གྱུར་ཞིང་རྟག
21b3 ཏུ་ལྷུག་པར་གཏོང་། ། གླིང་བཞི་ལེགས་པར་བརྒྱན་པ་མཆིལ་མའི་ཐལ་བ་འདྲ།། བྱིན་ནས་དགའ་བར་འགྱུར་གྱིས་གླིང་ཐོབ་དེ་ལྟ་མིན།། བྱང་ཆུབ་སེམས་དཔའ་མཁས་པ་གསལ་བ་སྲིད་གསུམ་གྱིས།། སེམས་ཅན
21b4 ཇི་སྙེད་དེ་དག་ཀུན་ལ་བྱིན་པ་འདི། ། བྱིན་པར་གྱུར་ཅིག་སྙམ་དུ་བསམ་ནས་སྦྱིན་བྱིན་ལ།། དེ་ཡང་འགྲོ་བའི་དོན་ཕྱིར་བྱང་ཆུབ་མཆོག་ཏུ་བསྔོ།། སྦྱིན་པ་བྱིན་ནས་དངོས་ལ་གནས་པ་བྱེད་པ་མེད།། དེ་ནི་ནམ་དུ
21b5 འང་རྣམ་པར་སྨིན་ལ་རེ་བ་མེད། ། དེ་ལྟར་གཏོང་ལ་མཁས་པ་ཐམས་ཅད་སྟོང་པ་སྟེ།། ཆུང་ངུ་བཏང་ལ་མང་པོ་དཔག་ཏུ་མེད་པར་འགྱུར།། སྲིད་པ་གསུམ་ན་སེམས་ཅན་མ་ལུས་ཇི་སྙེད་པ།། ཡོངས
21b6 སུ་བརྟག་པར་བཟུང་སྟེ་དེ་དག་ཐམས་ཅད་ཀྱིས། ། འཇིག་རྟེན་མཁྱེན་པ་སངས་རྒྱས་དགྲ་བཅོམ་རང་རྒྱལ་ལ།། བསྐལ་པ་མཐའ་ཡས་སྦྱིན་བྱིན་ཉན་ཐོས་ལེགས་ཚོལ་ན།། བྱང་ཆུབ་སེམས་དཔའ་མཁས
21b7 པ་ཐབས་མཁས་གང་ཞིག་གིས། ། དེ་དག་བསོད་ནམས་བྱ་བའི་དངོས་ལ་ཡི་རང་ནས།། སེམས་ཅན་དོན་དུ་བྱང་ཆུབ་མཆོག་རབ་ཡོངས་བསྔོ་ན།། ཡོངས་སུ་བསྔོས་པས་འགྲོ་བ་ཐམས་ཅད་ཟིལ་གྱིས་གནོན། ནོར་བུ
21b8 མཆིང་བུའི་ཕུང་པོ་ཆེན་པོར་གྱུར་པ་ཡང་། རིན་ཆེན་བཻ་དཱུརྱ་ཅིག་དེ་ཀུན་ཟིལ་གྱིས་གནོན།། དེ་བཞིན་འགྲོ་ཀུན་སྦྱིན་པའི་ཕུང་པོ་བརྒྱ་ཆེན་ཀུན།། རྗེས་སུ་ཡི་རང་བྱང་ཆུབ་སེམས་དཔས་ཟིལ་གྱིས་གནོན།། གལ་ཏེ་བྱང་ཆུབ་སེམས་དཔས་འགྲོ་ལ་སྦྱིན་བྱིན་ནས།།




iiif viewer powered by OpenSeadragon

21a - 22a

Texts on this page

Q735 - 'phags pa shes rab kyi pha rol tu phyin pa sdud pa tshigs su bcad pa