| | e-texts navigator
|
20b1 སེམས་ཅན་རྣམས་ལ་ཆོས་རབ་སྟོང་པ་སྒྲོགས་པར་བྱེད། ། འདི་ནི་བཟོད་ལྡན་དེ་ལ་འགྲོ་བ་དག་འགྱུར་མཁས།། གལ་ཏེ་སེམས་ཅན་ལ་ལས་ཙན་དན་པུར་མ་བླངས།། རབ་གུས་བྱང་ཆུབ་སེམས
20b2 དཔའ་ལ་ནི་ཉུག་བྱེད་ལ། ། གཞན་ཞིག་མེ་མདག་མགོ་ལ་འཐོར་བྱེད་གཉི་ག་ལ།། དེ་ཡིས་མཉམ་ཞིང་སྙོམས་པའི་ཡིད་ནི་བསྐྱེད་པར་བྱ།། བྱང་ཆུབ་སེམས་དཔའ་མཁས་པས་དེ་ལྟར་བཟོད་བྱས་ནས།
20b3 སེམས་བསྐྱེད་དེ་ནི་བྱང་ཆུབ་མཆོག་ཏུ་ཡོངས་བསྔོས་ན།། དཔའ་བོ་འཇིག་རྟེན་ཀུན་ལ་བཟོད་པས་དགྲ་བཅོམ་དང་།། རང་རྒྱལ་སེམས་ཅན་ཁམས་མར་ཇི་སྙེད་ཟིལ་གྱིས་གནོན།། བཟོད་བྱེད་འདི་སྙམ་དུ
20b4 ཡང་སེམས་ནི་སྐྱེད་བྱ་སྟེ། ། སེམས་དམྱལ་དུད་འགྲོ་གཤིན་རྗེའི་འཇིག་རྟེན་སྡུག་བསྔལ་མར།། འདོད་པའི་ཡོན་ཏན་རྒྱུ་ཡིས་དབང་མེད་གནོད་མྱོང་ན།། བྱང་ཆུབ་ཆེད་དུ་ཅི་ཕྱིར་ད་བཟོད་མི་བྱ་སྙམ།།
20b5 ལྐུག་དབྱིག་མཚོན་དང་གསད་དང་བཅིངས་དང་བརྡེག་པ་དང་།། མགོ་གཅོད་པ་དང་རྣ་བ་རྐང་ལག་སྣ་གཅོད་དང་།། འཇིག་རྟེན་སྡུག་བསྔལ་ཇི་སྙེད་བདག་གིས་བཟོད་སྙམ་པ།། བྱང་ཆུབ་སེམས་དཔའ་བཟོད་པའི
20b6 ཕ་རོལ་བྱིན་ལ་གནས། ། ཚུལ་ཁྲིམས་ཀྱིས་ནི་ཞི་བ་འདོད་རྣམས་འཕགས་པར་གྱུར།། སྟབས་བཅུའི་སྤྱོད་ཡུལ་གནས་ཤིང་ཚུལ་ཁྲིམས་ཉམས་པ་མེད།། སྡོམ་པའི་བྱ་བ་ཇི་སྙེད་ཀུན་གྱི་རྗེས་སུ་འཇུག།
20b7 སེམས་ཅན་ཀུན་ལ་ཕན་ཕྱིར་དེ་ཡང་བྱང་ཆུབ་བསྔོ།། གལ་ཏེ་དགྲ་བཅོམ་རང་རྒྱལ་བྱང་ཆུབ་རེག་འདོད་ན།། ཚུལ་ཁྲིམས་འཆལ་ཅིང་མི་མཁས་དེ་བཞིན་སྤྱོད་པ་ཉམས།། ཅི་སྟེ་བྱང་ཆུབ་ཞི་པ་མཆོག་ཏུ
20b8 ཡོངས་བསྔོ་ན། ། འདོད་ཡོན་བརྩོན་ཡང་ཚུལ་ཁྲིམས་ཕ་རོལ་ཕྱིན་ལ་གནས།། ཆོས་གང་ངེས་པའི་བྱང་ཆུབ་ཡོན་ཏན་འབྱུང་འགྱུར་བ།། འདི་ནི་ཡོན་ཏན་ཆོས་ལྡན་རྣམས་ཀྱི་ཚུལ་ཁྲིམས་དོན།།
iiif viewer powered by OpenSeadragon
20a - 21a