e-texts navigator
Collection
Volume
Page
Wylie

188b1 དེ་ནས་དེ་ཉིད་ཉི་མ་གཅིག་ལ་མཁས་པ་བློ་གྲོས་བཟང་པོ་དེ་ཁང་བཟང་མཆོག་གི་སྟེང་དུ་གཅིག་པུར་དཀྱིལ་མོ་དཀྲུང་བཅས་ནས་དབེན་པར་བཞུགས་ཏེ་བསམས་པ། མཁས་པ་སྐྱེ་བ་གཞན་དུ་མའི་མངལ་བཟུང
188b2 ནསྡུག་བསྔལ་ལོ། ། དེ་བཞིན་དུ་སྐྱེ་བའི་གནས་སུ་ལུས་འཇིག་གོ།། བདག་སྐྱེ་བའི་ཆོས་ཅན་དང་རྒ་བའི་ཆོས་ཅན་དང་ན་བའི་ཆོས་ཅན་དང་འཆི་བའི་ཆོས་ཅན་ནོ།། དེ་ལྟ་བུར་གྱུར་པས་བདག་ནི་སྐྱེ་བ་མེད་པར
188b3 རྒས་པ་མེད་པ་དང་ན་བ་མེད་པ་དང་སྡུག་བསྔལ་མེད་པའི་བདེ་བ་དང་བསིལ་བ་དང་བདུད་རྩི་ལྟ་བུའི་མྱ་ངན་ལས་འདས་པ་ཆེན་པོ་ཚོལ་བར་རིགས་སོ། ། ངེས་པར་སྲིད་པ་ལས་གྲོལ་བའི་མྱ་ངན་ལས་འདས་པར་འགྲོ
188b4 བའི་ལམ་གཅིག་པོ་ཡིན་པ་ལྟ་བུའོ། ། དེའི་ཕྱིར་གསུངས་པ། དབེན་པར་གཅིག་པུར་གནས་ནས་ནི།། དེ་ཚེ་བདག་གིས་འདི་ལྟར་བསམས།། སྲིད་པར་སྐྱེ་བ་སྡུག་བསྔལ་ཞིང་།། ལུས་ནི་ཡོངས་སུ་ཞིག
188b5 པན། ། སྐྱེ་བའི་ཆོས་དང་རྒས་པའི་ཆོས།། ན་བའི་ཆོས་དང་དེ་ཚེ་བདག། སྐྱེ་བ་མྱེད་དང་འཆི་མེད་བདེ།། མྱ་ངན་འདས་པ་ཡོངས་སུ་བཙལ།། གང་ཚེ་འདྲི་ངན་ལུས་འདི་ནི།། སྣ་ཚོགས་མི་གཙང་གིས་གང་ཞིང་།།
188b6 དོན་མེད་ལྟོས་པ་མེད་པ་ཡི།། དོར་ནས་འགྲོ་བར་བྱ་བ་ཡིན།། དེ་ཡི་ལམ་ནི་ཡོད་དམ་སྙམ།། འབད་པ་མེད་པར་ལམ་མི་ཐོབ།། དེ་ཡི་ལམ་ནི་བརྩལ་བར་བྱ།། སྲིད་པ་རྣམས་ལས་གྲོལ་གྱུར་སྙམ།། དེ་ནས
188b7 ལྷག་པར་ཡང་བསམས་པ། ། ཇི་ལྟར་འཇིག་རྟེན་པས་སྡུག་བསྔལ་གྱིས་མི་མཐུན་པའི་ཕྱོགས་སུ་གྱུར་པའི་བདེ་བ་ཞེས་བྱ་བ་ཡོད་དོ།། དེ་ལྟར་མི་མཐུན་ཕྱོགས་སྲིད་པ་ཡོད་ན་མྱ་ངན་ལས་འདའ་བར་འགྱུར
188b8 སྭམ། དེ་ལྟར་ཡང་གདུང་བ་ཡོད་ན་དེ་ཞི་བར་བྱེད་པའི་བསིལ་བ་ཡོད་དོ།། དེ་བཞིན་དུ་འདོད་ཆགས་ལ་སོགས་པའི་མེ་ཞི་བར་བྱེད་པའི་མྱང་ནཔས་འདས་པ་ཡོད་པར་འགྱུར་རོ་སྙམ་མོ།། ཇི་ལྟར་ཡང་སྡིག་པ




iiif viewer powered by OpenSeadragon

188a - 189a

Texts on this page

Q748 - skyes pa rabs kyi gleng gzhi