| | e-texts navigator
|
183a1 སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བཞུགས་ཏེ། ཐམས་ཅད་དང་ལྡན་པའི།
183a2 འཁོར་དང་། ཐབས་གཅིག་གོ།། དེ་ནས་དེའི་ཚེ་འཁོར་དེར་བྱང་ཆུབ་སེམས་དཔའ་རྡོ་རྗེ་རྒྱལ་མཚན་འཇུག་པ་དེ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཆོས
183a3 གང་དང་ལྡན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལགས། བཅོམ་ལྡན་འདས་ཀྱིགག་སྩལ་པ། རྡོ་རྗེའི་རྒྱལ་མཚན་འདུག་པ་དེཅོས་རྣམ་པ་བཞི་དང་ལྡན་པ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད
183a4 སྟོང་པ་ཉིད་དུ་མངོན་པ་དང་། འདུས་བྱས་ཐམས་ཅད་མི་རྟག་པ་དང་། སྡུག་བསྔལ་བར་ཤེས་པ་དང་། སྤྲོས་པ་ཐམས་ཅད་དང་གྲ་ཡིའི་ཆོས་ཉིད་དུ་ལྡན་པ་དང་། ཐམས་ཅད་དུ་མི་རྟོག་མི་དམིགས་པར་བསྒོམ
183a5 པའོ། ། གཞན་ཡང་ཆོས་རྣམ་པ་བཞི་དང་ལྡན་ན་ཤེས་རབ་སྐྱེ་བའི་རྒྱུ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། དང་པོ་གང་ཟག་ཆོས་སྨྲ་བའི་མཁན་པོ་བསྟེན་པ་དང་། གཉིས་པ་དེའི་དམ་པའི་ཆོས་ཉན་པ་དང་། གསུམ
183a6 པ་དོན་ལ་འཇུག་ཅིང་སེམས་པ་དང་། བཞི་པ་གཞན་ལ་ཚུལ་བཞིན་དུ་སྟོན་པར་མོས་པ་སྟེ། འདི་ནི་ཤེས་རབ་སྐྱེ་བའི་རྒྱུའོ།། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འདི་ལྟ་སྟེ། ཆོས
183a7 ཐམས་ཅད་དང་བཞིན་གྱིས་རྣམ་པར་དག་པས་སྟོང་པ་དང་། བདག་མེད་པ་དང་། དངོས་པ་མེད་པའི་ངོ་བོ་ཉིད་དང་། མཚན་མ་མེད་པ་དང་། མ་བཅིངས་པ་དང་། མགྲོལ་བ་དང་། སྣང་བ་མེད་པ་དང་། མུན་པ་མེད
183a8 པའི་རང་བཞིན་དུ་ཤེས་པར་བྱའོ། ། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྲབ་པར་བྱའོ།། ཆོས་ཐམས་ཅད་སྐྱེ་བ་མེད་པ་དང་། གནས་པ་མེད་པའི་ཚུལ་དུ་ཤེས་རབ་ཀྱི
iiif viewer powered by OpenSeadragon
182b - 183b