e-texts navigator
Collection
Volume
Page
Wylie

182b1 སྩལ་པ། ལག་ན་རྡོ་རྗེ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་པར་མ་དུ་ཕྱིན་པ་ལ་འདི་ལྟར་བསླབ་པར་བྱ་སྟེ། ཆས་ཐམས་ཅད་སྐྱབ་མདཔས་ཤེས་རབ་ཀྱི་ཕ་རལ་དུ་ཕྱིན་པ་ལ་བསླབ་པར་བྱའོ།། གཞན་ཡང
182b2 གཟུགས་ལ་སོགས་པའི་ཆོས་ཐམས་ཅད་རང་བཞིན་མ་མཆིས་པ་དང་། མཚན་མ་མ་མཆིས་པ་དང་། དངོས་པོ་དང་བྲལ་བ་དང་། མེ་དམིགས་པས་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱའོ།། ནང
182b3 སྟོང་པ་ཉིད་དང་། དངོས་པོ་མེད་པ་སྟོང་པ་ཉིད་ཀྱི་ཕྱིར་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱའོ།། ལག་ན་རྡོ་རྗེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་དུས་གསུམ་གྱིས་ངས་རྒྱས་ཐམས་ཅད་ཀྱི་ཡུམ་སྟེ།
182b4 རེག་པ་ཆེན་པོའི་སྔགས་ཀྱི་ཚིག་ནི་འདི་དག་གོ། ཏདྱ་ཐཱ། ཨོཾ་མུ་ནེ་མུ་ནི། མ་ཧཱ་བུ་ནི་ཡེ་སྭཱ་ཧཱ། སུ་ཞིག་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་འཛིན་པར་བྱེད་ན། དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་ངོས
182b5 རྣམས་གསུང་བར་འགྱུར་རོ། ། དེ་སྐྱེ་བ་དྲན་པར་འགྱུར་རོ།། མི་ཁོས་པ་ཐམས་ཅད་སྤངས་པར་འགྱུར་རོ།། བསོད་ནམས་ཀྱིས་འབྲས་བུ་ཚད་མེད་པ་ཐོབ་པར་འགྱུར་རོ།། སངས་རྒྱས་བཅོམ་ལྡན་འདས་རྣམས་དང
182b6 དུས་རྟག་ཏུ་འགྲོགས་པར་འགྱུར་རོ། ། བྱང་ཆུབ་ཀྱི་སེམས་དང་ལྡན་པར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་དང་། ལྷ་དང་། མི་དང་། ལྷ་མ
182b7 ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལག་ན་རྡོ་རྗེའི་མདོ་ཐེག་པ་ཆེན་པོའོ།། རྫོགས་སྷོ།།
182b8 རྒྱ་གར་སྐད་དུ། ཨཱརྱ་པྲཛྙཱ་བ་ར་མེ་ཏ་བཛྲ་ཀེ་ཏུ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་རྡོ་རྗེ་རྒྱལ་མཚན་གྱི་མདོ་ཐེག་པ་ཆེན་པོའོ།།




iiif viewer powered by OpenSeadragon

182a - 183a

Texts on this page

Q745 - 'phags pa shes rab kyi pha rol tu phyin pa lag na rdo rje'i mdo theg pa chen po
Q746 - 'phags pa shes rab kyi pha rol tu phyin pa rdo rje rgyal mtshan gyi mdo theg pa chen po